༄༅། །ཐེ་ས་ལོ་ནི་ཀ་གི་ཆོས་ཚོགས་ལུ་བྲིས་མི་ཡི་གུ་དང་པ་བཞུགས་སོ།།
ཐེ་ས་ལོ་ནི་ཀ་དང་པ་ལེའུ་
ངོ་སྤྲོད།
ཨ་ནི་ཡི་གུ་འདི་ པའུལ་གྱིས་ ཐེ་ས་ལོ་ནི་ཀ་གི་ཆོས་ཚོགས་ལུ་བལྟ་སྟེ་ བྱམས་བརྩེ་ དང་ཚ་གྱང་ལང་སྟེ་ཡོད་པའི་སྐོར་ལས་ བྲིས་བྲིསཝ་ཨིན། ཆོས་ཚོགས་འདི་ནང་གི་འཐུས་མི་ཚུ་གི་དོན་ལུ་ པའུལ་གྱིས་རྩ་འགེངས་ཏེ་ཁོང་ལུ་གནོད་འཚེ་དང་དཀའ་སྡུག་མྱོང་བའི་སྐབས་ལུ་ དད་པ་ནང་སྒྲིང་སྒྲིང་གནས་ཚུགས་ནིའི་དོན་ལུ་སྨོན་ལམ་ཞུ་དོ་ཟེར་བའི་སྐོར་ལས་བྲིས་བྲིསཝ་ཡོད། འདི་དང་གཅིག་ཁར་ ཁོང་གི་དད་པ་དེ་ མ་ཉམས་པར་སྒྲིང་སྒྲིང་ཡོད་པའི་ལོ་རྒྱུས་གོཝ་ལས་ ཁོ་སེམས་དགའ་ཡི་ཟེར་བྲིས་ཏེ་ཡོད།
པའུལ་གྱིས་ ཁོང་གི་མི་ཚེ་ནང་འགྱུར་བཅོས་འབད་དགོ་པའི་སྐོར་ལས་ དོན་མཚན་ཁག་ཆེ་ཏོག་ཏོ་ གཉིས་དེ་ཅིག་སྟོན་ཏེ་བྲིས་ནུག དེ་ཚུ་ དང་པ་རང་ ཁོང་རང་ སྒྱིད་ངན་སྦེ་སྡོད་ནི་མེན་པར་ ཁོང་རའི་ལག་པ་གིས་ ལཱ་འབད་དགོཔ་དང་ གཉིས་པ་ཟེརཝ་ད་ ཁོང་རའི་མི་ཚུ་བཟུམ་སྦེ་ ཚུལ་དང་མ་མཐུན་པའི་ འགྲོ་ལུགས་འགྲིགས་ནི་ལས་ སྤང་དགོཔ་དང་ དེ་གི་ཚབ་ལུ་ ཁོང་རའི་ལུས་ ཚུལ་དང་ལྡནམ་སྦེ་ ཚད་བཟུང་སྟེ་བཞག་དགོཔ་ཚུ་སྦྱང་དགོ་ཟེར་ཨིན་མས།
ཐེ་ས་ལོ་ནི་ཀ་དང་པ་ནང་ གཙོ་བོ་འབྱོན་ནིའི་ཉིནམ་གི་སྐོར་ལས་ སྡེ་མཚན་ལེགས་ཤོམ་གཅིག་བྲིས་ཏེ་འདུག དེ་ལས་ དང་པ་རང་ ཡེ་ཤུ་ལུ་དད་པ་བསྐྱེད་དེ་ གྱོངས་སོང་མི་ཆ་ཁྱབ་ དེའི་ཤུལ་ལས་ དདཔ་ཅན་ག་ར་གིས་ ཡར་གནམ་ཁ་ གཙོ་བོ་ཡེ་ཤུ་དང་གཅིག་ཁར་ ག་དེ་སྦེ་མཇལ་བ་འགྱོ་ནི་ཨིན་ན་ དེ་ཚུ་གི་སྐོར་ལས་བྲིས་ཏེ་ཡོད། ཡི་གུ་འདི་ དདཔ་ཅན་གྱི་མི་ཚེ་ནང་མཁོ་བའི་སྤྱོད་ལམ་གྱི་ ཐོ་ཚུ་བཀོད་དེ་ མཇུག་བསྡུ་ནུག།