ཞིད༌མད༌ ཅད༌ཅེས༌ དང༌ ན༌མ༌ ཅོ༌ཅེས༌སི༌ ལབ༌ཞ༌།
19:1-12
19
ལབ༌ཞ༌ སལ༌ ཚར༌ཏེ༌ སྟིང༌ནེ༌,
གཙོ༌བོ༌ ཡེ༌ཤུ༌ གཱ༌ལིལ༌ལི༌ནེ༌ ཡོར༌དཱན༌ ལྩངས༌པོའེ༌ ཕར༌ཀ༌ ཡ༌ཧུ༌དཱ༌ ཡུལ༌ཇོངས༌ལ༌ སྐྱོདས༌།
3 ཚོད༌ལྟ༌ཅེས༌ལ༌ ཕ༌རུ༌ཤི༌པ༌ ཁ༌ཅིག༌ ཁོང༌ ཡོད༌ས༌ ཡོངས༌ཏེ༌ ཏྲིས༌,
“གྱུན༌ཚན༌ ཆུ༌ངུན༌ ཡོད༌གྲོ༌ ཡ༌ ཆེན༌མོ༌,
བུ༌ཚ༌ཞིག༌ག༌ ཁྲིམས༌ ནང༌ཞིན༌ ཁོ༌རང༌ངི༌ ན༌མ༌ ཅད༌ ཆོག༌ག༌ནོག༌ག༌?”
4 ཡེ༌ཤུའི༌ ལན༌སལས༌,
“ཁྱོ༌ཞའེ༌ ཏམ༌པའེ༌ སུང༌རབས༌སི༌ ནང༌ནེ༌ མ༌སིལ༌པིན༌ན༌?
‘གོ༌ཟུག༌གི༌ཀ༌ དཀོན༌མཆོག༌གི༌ ཇིག༌རྟེན༌ ཛད༌ ཟ༌ནེ༌ བུ༌ཚ༌ དང༌ བུ༌མོ༌ ཛད༌ཏེ༌,’a
5 མོལས༌,
‘ཏེན༌ན༌ གྱུན༌ཚན༌བོའེ༌ ཕིའ༌ བུ༌ཚ༌ ཁོ༌རང༌ངི༌ ཨ༌བ༌ དང༌ ཨ༌མ༌ནེ༌ བེ༌ཏེ༌ ཁོ༌རང༌ངི༌ ན༌མ༌ ཉམ༌པོ༌ ཛོམས༌ཏེ༌ ཁོང༌ ཉིས༌ཀོ༌ ཟུགས༌པོ༌ ཅིག༌ གྱུར༌ར༌ནོག༌།b’
6 ཏ༌ ཁོང༌གུན༌ ཉིས༌ མན༌པ༌ ཅིག༌ ཨིན༌ནོག༌།
ཏེ༌བོའེ༌ཕིའ༌ དཀོན༌མཆོག༌གི༌ ཅིག༌ ཛད༌ཁན༌བོ༌ སུ༌ཞིག༌གའང༌ ཕེ༌ མ༌ཅུག༌།”
7 ཏེ༌ནེ༌ ཕ༌རུ༌ཤི༌པ༌གུན༌ནི༌ ཁོང༌ང༌ ཏྲིས༌,
“ཏེ༌བོ༌ ཨིན༌ན༌,
ན༌མ༌ ཅད༌ན༌,
ན༌མའ༌ ཅད༌ཁན༌ནི༌ ལག༌ཁྱེར༌ ཁོའ༌ ཏོང༌ ཟེར༌ཏེ༌ ཅི༌ཕིའ༌ མོ༌ཟེས༌སི༌ བཀའ༌ སལ༌ཏེ༌ ཨིན༌ནོག༌?”
8 ཡེ༌ཤུའི༌ ལན༌སལས༌,
“ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ སྙིང༌ སྐྱོང༌པོ༌ ཡོད༌ཅེས༌པོའེ༌ མོ༌ཟེས༌སི༌ ཁྱོ༌ཞའ༌ ན༌མ༌ ཅད༌ཅེས༌ལ༌ གོངས༌པ༌ ཏངས༌,
ཨིན༌ནའང༌ གོ༌ཟུག༌གི༌ཀ༌ ཏེ༌ཟུག༌ མེད༌པིན༌།
9 ངའེ༌ ཁྱོ༌ཞ༌གུན༌ལ༌ ཟེར༌རད༌,
རང༌ངི༌ ཞིད༌མད༌ མན༌ཁན༌ ཉམ༌པོ༌ ལུས༌བྲེལ༌ ཅོ༌ཅེས༌སི༌ ནས༌ལུག༌ མ༌སྟོགས༌,
སུ༌ཞིག༌གི༌ ཁོ༌རང༌ངི༌ ན༌མ༌ ཅད༌ཏེ༌ ཞན༌ བུ༌མོ༌ཞིག༌ ཉམ༌པོ༌ ན༌མ༌ ཅོ༌ན༌ ཁོའེ༌ ལོག༌ཡེམ༌ ཅོས༌ཏེ༌ ཨིན༌ནོག༌།”
10 ལོབ༌ཕྲུགས༌གུན༌ནི༌ ཡེ༌ཤུའ༌ ཟེརས༌,
“ཀལ༌ཏེས༌ ན༌མ༌ དང༌ མག༌པའེ༌ ནང༌ང༌ ཏེ༌ཟུག༌ ནས༌ལུག༌ ཆ༌ན༌ ན༌མ༌ མ༌ཅོ༌ན༌ གྱལ༌ཅེས༌ རག༌།”
11 ཡེ༌ཤུའི༌ མོལས༌,
“དཀོན༌མཆོག༌གི༌ བག༌མ༌ མ༌ཅོའ༌ དུག༌ཅེས༌སི༌ ཁྱུད༌ སལ༌ལ༌ ཛད༌ཁན༌གུན༌ མ༌སྟོགས༌,
ཚང༌མ༌ལ༌ ཁྱོ༌ཞའེ༌ ཟེར༌ཁན༌ནི༌ མི༌ཚེ༌ ཕུད༌ཉན༌ན༌ མ༌ནོག༌།
12 སྤེར༌ན༌ བུ༌ཚ༌ ཁ༌ཅིག༌,
སྐྱེས༌པ༌ནེ༌ ཕར༌ལ༌ ཨ༌བ༌ གྱུར༌ཅེས༌སི༌ ཁྱུད༌ མེད༌ཁན༌,
ཡང༌ ཁ༌ཅིག༌ག༌ མི༌གུན༌ནི༌ ཨ༌བ༌ གྱུར༌ཅེས༌སི༌ ཁྱུད༌པོ༌ མེད༌ཁན༌ ཅོས༌པ༌,
ཡང༌ ཁ༌ཅིག༌གི༌ ནམ༌ཁའེ༌ གྱལ༌སྲིད༌ལ༌ ཞབས༌ཏོག༌ ཞུ༌ཅེས༌སི༌ ཕིའ༌ ན༌མ༌ ཅོའ༌ མ༌ནོག༌།
སུ༌ཞིག༌ག༌ འི༌ ཙོགས༌སི༌ མི༌ཚེ༌ ཕུད༌ཉན༌ན༌ ཕུད༌ཤིག༌།”
ཡེ༌ཤུ༌ དང༌ ཕྲུ༌གུ༌ ཆུ༌ངུན༌གུན༌།
19:13-15
13 ཏེ༌ནེ༌ ཕ༌མ༌གུན༌ནི༌ ཕྲུ༌གུ༌ ཆུ༌ངུན༌གུན༌ གཙོ༌བོ༌ ཡེ༌ཤུའི༌ ཆག༌ བོར༌ར༌ ཛད༌ཏེ༌ མོས༌ལམ༌ ཞུ༌ཅེས༌ལ༌ ཁོང༌ ཡོད༌ས༌ ཁྱོངས༌།
ཨིན༌ནའང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ནི༌ ཕ༌མ༌གུན༌ལ༌ ཡེ༌ཤུའ༌ འོབ༌གྱལ༌ སྟན༌ པ༌སང༌ ཁའ༌སྐྱེས༌།
14 ཡེ༌ཤུའི༌ མོལས༌,
“ཕྲུ༌གུ༌ ཆུ༌ངུན༌གུན༌ སྒག༌ མ༌སྒག༌ག༌ ང༌ ཡོད༌ས༌ ཡོང༌ཅུག༌ འི༌ཙོགས༌གུན༌ནི༌ ཕིའ༌ ནམ༌ཁའེ༌ གྱལ༌སྲིད༌པོ༌ ཨིན༌།”
15 ཁོང༌གུན༌ནི༌ཀ༌ ཆག༌ བོར༌ར༌ ཛད༌ཏེ༌ ཅིན༌ལབས༌ སལ༌ལ༌ ཛདས༌,
ཏེ༌ནེ༌ ཡེ༌ཤུ༌ ཏེ༌ཀ༌ནེ༌ སྐྱོདས༌།
ཞུ༌ནུ༌ ཆུག༌པོ༌ཞིག༌།
19:16-30
16 མི༌ཞིག༌ གཙོ༌བོ༌ ཡེ༌ཤུ༌ ཡོད༌ས༌ ཡོངས༌ཏེ༌ ཟེརས༌,
“ལོབ༌བོན༌ལེ༌,
ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཅེས༌སི༌ ཕིའ༌ ངའེ༌ ཟང༌པོ༌ ལས༌ ཅི༌ ཅོ༌གོས༌?”
17 ཁོང༌ངི༌ ཁོའ༌ མོལས༌,
“ཟང༌པོ༌ ཅི༌ ཨིན༌ ཟེར༌ཏེ༌ ངའ༌ ཅིའ༌ ཏྲིའད༌།
དཀོན༌མཆོག༌ ཅིག༌པོ༌ མ༌སྟོག༌ སུའང༌ ཟང༌པོ༌ མན༌།
ཀལ༌ཏེས༌ ཁྱོ༌རང༌ང༌ ཐའ༌མེད༌པའེ༌ མི༌ཚེ༌ གོས༌ཨིན༌ ཡོད༌ན༌,
ཏེ༌ནེ༌ དཀོན༌མཆོག༌གི༌ བཀའ༌རྒྱ༌གུན༌ སྲུང༌།”
18 ཁོའེ༌ ཡེ༌ཤུའ༌ ཏྲིས༌,
“ཀ༌གུན༌?”
ཡེ༌ཤུའི༌ ལན༌སལས༌,
“‘མི༌ མ༌སད༌,
རང༌ངི༌ ཞིད༌མད༌ མན༌པ༌ ཞན༌མ༌ ཉམ༌པོ༌ ལུས༌བྲེལ༌ མ༌ཅོ༌,
རྐུ༌མ༌རྐུ༌,
སྤང༌པོ༌ ཟུན༌བ༌ མ༌ཏང༌,
19 རང༌ངི༌ ཨ༌བ༌ དང༌ ཨ༌མའ༌ རྩི༌ཝ༌ ཅོས༌,’c
ཡང༌ ‘རང༌ང༌ ཅམས༌པ༌ ཅོ༌ཁན༌ ཙོགས༌ ཁྱོ༌རང༌ངི༌ ཁྱིམ༌ཚེས༌པ༌ ཅམས༌པ༌ ཅོས༌།’d”
20 ཞོན༌ནུའི༌ ཡེ༌ཤུའ༌ ཟེརས༌,
“ཏེ༌ ཚང༌མ༌ ངའེ༌ ཅོའད༌ལེ༌,
ཏེ༌ཀ༌ ཐེ༌བ༌ ངའེ༌ ཅི༌ ཅོ༌གོས༌?”
21 ཡེ༌ཤུའི༌ མོལས༌,
“ཀལ༌ཏེས༌ ཁྱོ༌རང༌ ཕུན༌སུམ༌ཚོགས༌པ༌ཞིག༌ གྱུར༌ཉིན༌ ཡོད༌ན༌,
སོང༌ ཡང༌ ཁྱོ༌རང༌ངི༌ གྱུ༌ནོར༌གུན༌ ཙོངས༌ཏེ༌ པེ༌ནེ༌བོ༌ ཉལ༌བ༌ཅན༌གུན༌ལ༌ ཏོང༌,
ནམ༌ཁའེ༌ ནང༌ང༌ ཁྱོ༌རང༌ང༌ བང༌ཛོད༌ ཐོབ༌ཨིན༌།
ཏེ༌ནེ༌ ཡོངས༌ཏེ༌ ངའེ༌ གྱབ༌ནེ༌ བྲོངས༌།”
22 ཏེ༌བོ༌ ཚོར༌ར༌ཅིག༌,
ཁོའ༌ ཚེར༌ཁའ༌ ཡོངས༌ཏེ༌ སོང༌ ཅིའ༌ཟེར༌ན༌ ཁོ༌ མ༌ཆུག༌པོ༌ ཡོད༌པིན༌།
23 ཏེ༌ནེ༌ ཡེ༌ཤུའི༌ ལོབ༌ཕྲུགས༌གུན༌ལ༌ མོལས༌,
“ངའེ༌ དེན༌བ༌ ཟེར༌རད༌,
མི༌ ཆུག༌པོ༌ ནམ༌ཁའེ༌ གྱལ༌སྲིད༌དི༌ ནང༌ང༌ ལེབ༌ཅེས༌ མ༌ ཀགས༌པོ༌ ཨིན༌ནོག༌།
24 ཡང༌སྐྱར༌ ངའེ༌ ཁྱོ༌ཞའ༌ ཟེར༌རད༌ མི༌ ཆུག༌པོ༌ དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ནང༌ང༌ ལེབ༌ཅེས༌སི༌ སང༌ ཁབ༌བི༌ མིག༌ནེ༌ རྔ༌བོང༌ བིང༌ཅེས༌པོ༌ ལ༌མོ༌ ཆེན༌།”
25 ཏེ༌བོ༌ ཚོར༌ར༌ཅིག༌ ལོབ༌ཕྲུགས༌གུན༌ མ༌ཧ༌ལས༌ཏེ༌ ཏྲིས༌,
“ཏེ༌ནེ༌ སུའ༌ ཐར༌པ༌ ཐོབ༌ཨིན༌?”
26 ཡེ༌ཤུའི༌ ཁོང༌གུན༌ལ༌ ཟིགས༌ཏེ༌ མོལས༌,
“འི༌བོ༌ མིའ༌ ཅོ༌ མ༌ནེ༌ མི༌ཉན༌,
ཨིན༌ནའང༌ དཀོན༌མཆོག༌ག༌ ཅི༌ཚང༌མ༌ ཛད༌ ཉན༌ན༌ནོག༌།”
27 པི༌ཏྲར༌རི༌ ཡེ༌ཤུའ༌ ཟེརས༌,
“ང༌ཞའེ༌ ཅི༌ཚང༌མ༌ ཕངས༌ཏེ༌,
ཉེ༌རང༌ང༌ བྲངས༌པིན༌།
ང༌ཞའ༌ སོལ༌རས༌ ཅི༌ ཐོབ༌ཨིན༌?”
28 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌,
“ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌,
དཀོན༌མཆོག༌གི༌ ཅི༌ཚང༌མ༌ ཡང༌སྐྱར༌ སོ༌མ༌ ཅོའ༌ ཛད༌ཅེས༌ ཡང༌ མི༌རིགས༌སི༌བུ༌ ཟིར༌རྗིད༌ཅན༌ནི༌ ཁྲིས༌སི༌ཀ༌ དུག༌ ཟ༌ནེ༌ ངའེ༌ སྟིང༌རང༌ནེ༌ བྲངས༌ཁན༌ ཁྱོ༌ཞ༌གུན༌ནའང༌ ཨིས༌ར༌ཨེལ༌ལི༌ སྡེ༌ རྕུག༌ཉིས༌སི༌ཀ༌ ཝང༌སྲུལ༌ཅེས༌ལ༌ ཁྲིས༌ རྕུག༌ཉིས༌སི༌ཀ༌ དུག༌ཨིན༌།
29 ངའེ༌ ཏོན༌ལ༌ ཁང༌པ༌ ཡ༌ ཨ༌ཅོ༌ནོ༌ ཡ༌ ཨ༌ཅེ༌ ནོ༌མོ༌ ཡ༌ ཨ༌བ༌ ཡ༌ ཨ༌མ༌ ཡ༌ ཕྲུ༌གུ༌ ཡ༌ ཞིང༌ ཕངས༌ཁན༌ ཚང༌མ༌ལ༌ ཏེ༌གུན༌ནི༌ གྱ༌ལྡབ༌ མ༌ཚད༌ ཐའ༌མེད༌པའེ༌ མི༌ཚེའང༌ ཐོབ༌ཨིན༌།
30 ཨིན༌ནའང༌ དག༌ས༌ གོའ༌ ཡོད༌ཁན༌ མང༌པོ༌ སྟིང༌ཇུག༌ག༌ ལུས༌ཨིན༌ ཡང༌ དག༌ས༌ སྟིང༌ཇུག༌གི༌ཀ༌ ཡོད༌ཁན༌ མང༌པོ༌ གོའ༌ ལེབ༌ཨིན༌།”