ཡེ༌ཤུ༌ དང༌ ཁྲུས༌སལ༌ཁན༌ ཡོ༌ཧཱ༌ནན༌།
11:1-19
11
གཙོ༌བོ༌ ཡེ༌ཤུའི༌ ལོབ༌ཕྲུགས༌ རྕུག༌ཉིས༌ལ༌ ལབ༌ཞ༌ སལ༌ ཚར༌ཏེ༌ སྟིང༌ནེ༌,
ཁོང༌ ཏེ༌ཀ༌ནེ༌ ལབ༌ཞ༌ སལ༌ཅེས༌ དང༌ ཆོས༌ཤད༌ཅེས༌ལ༌ གཱ༌ལིལ༌ལིའི༌ ཡུལ༌ཇོངས༌སི༌ གྲོང༌ཁྱེར༌གུན༌ལ༌ སྐྱོདས༌།
2 ཡོ༌ཧཱ༌ནན༌ནི༌ ཙོན༌ཁང༌ངི༌ ནང༌ང༌,
མ༌ཤི༌ཀའེ༌ ཧ༌ལས༌ཤེས༌སི༌ ཛད༌པ༌ ཛད༌ཁན༌གུན༌ ཚོར༌ར༌ཅིག༌,
ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ ཡེ༌ཤུ༌ ཡོད༌ས༌,
འི༌ ཏྲི༌ཝ༌བོ༌ ཏྲིའ༌ལ༌ ལམ༌ཅུགས༌,
3 “ལུང༌སྟོན༌པ༌གུན༌ནི༌ སྐྱོད༌ཨིན༌ མོལ༌ཁན༌ མ༌ཤི༌ཀ༌ ཉེ༌རང༌ ཞུགས༌ཏེ༌ ཨིན༌ན༌ ཡ༌ ང༌ཞའ༌ ཡང༌ཞིག༌ག༌ སྲུང༌?”
4 ཡེ༌ཤུའི༌ ལན༌སལས༌,
“ལོགས༌ཏེ༌ སོང༌ ཡང༌ ཁྱོ༌ཞའེ༌ ཚོར༌ཁན༌ དང༌ ཐོང༌ཁན༌གུན༌ ཡོ༌ཧཱ༌ནན༌ལ༌ ཤོད༌།
5 ཞ༌ར༌གུན༌ལ༌ ཐོང༌,
ཞ༌འོ༌གུན༌ གྲུལས༌,
ཛེ༌ནད༌ཅན༌གུན༌ གྱལ༌ཏེ༌ རྩང༌མ༌ སོང༌,
མ༌ཚོར༌ཁན༌གུན༌ནི༌ ཚོར༌,
ཤི༌ཁན༌གུན༌ སོན༌ཏེའ༌ ལངས༌,
ཡང༌ ཉལ༌བ༌ཅན༌གུན༌ལ༌ གའ༌མོའེ༌ ནས༌ཚུལ༌ ཤདས༌།
6 ཁོའ༌ ཤོད༌,
ངའེ༌ ཅོ༌ཁན༌གུན༌ནི༌ ཞས༌ཏེ༌ ངའ༌ མ༌ཕང༌ཁན༌གུན༌ལ༌ ཅིན༌ལབས༌ སལ༌ལ༌ ཛད༌ཨིན༌།”
7 ཡོ༌ཧཱ༌ནན༌ནི༌ ལོབ༌ཕྲུགས༌གུན༌ ལོགས༌ཏེ༌ ཆའ༌ཅིག༌,
ཡེ༌ཤུའི༌ མི༌ཚོགས༌ལ༌ ཡོ༌ཧཱ༌ནན༌ནི༌ སྐོར༌ལ༌ མོལ༌ཅེས༌ གོ༌ཟུག༌,
“ཁྱོ༌ཞའ༌ རི༌སྟོང༌ངི༌ ནང༌ང༌ ཀ༌ཟུག༌ མི༌ཞིག༌ག༌ ལྟའ༌ལ༌ སོང༌པིན༌?
ཆུའི༌ ཐའ༌མའེ༌ ལྡམ༌བུ༌ ལུངས༌པོའེ༌ སྐུལ༌ལ༌ ཙོགས༌ལ༌,
ལབ༌ཞའེ༌ ནང༌ང༌ ཏུས༌གྱུན༌ གྱུར༌ཇ༌ ཁྱོང༌ཁན༌ ཞིག༌ག༌?
8 ཀལ༌ཏེས༌ མན༌ན༌ ཁྱོ༌ཞ༌གུན༌ ཅི༌ ལྟའ༌ལ༌ སོང༌པིན༌?
མི༌ ཀོས༌ལག༌ ཇམ༌པོ༌ དང༌ རིན༌ཅན༌ གོན༌ཁན༌ཞིག༌ ཁྱོ༌ཞ༌གུན༌ནི༌ ཐོང༌ང༌?
མ༌ཐོང༌།
ཀོས༌ རིན༌ཅན༌ གོན༌ཁན༌གུན༌ གྱལ༌པོའེ༌ ཁར༌ལ༌ དུག༌ག༌ནོག༌།
9 ཁྱོ༌ཞའ༌ ལུང༌སྟོན༌པ༌ཞིག༌ག༌ ལྟའ༌ལ༌ སོང༌པིན༌ན༌?
འོ༌ན༌,
ཁོ༌ ལུང༌སྟོན༌པ༌ སང༌ ཀྲག༌ག༌ཞིག༌ ཨིན༌།
10 ཏམ༌པའེ༌ སུང༌རབས༌སི༌ ནང༌ང༌ ཁོའེ༌ སྐོར༌ལ༌ དཀོན༌མཆོག༌གི༌ མོལ༌ལ༌ ཛད༌ཏེ༌ དུག༌,
‘ལྟོས༌,
ཁྱོ༌རང༌ངི༌ སང༌ སྔུན༌ལ༌
ངའེ༌ ང༌རང༌ངི༌ ལོན༌ཁྱེར༌ཁན༌བོ༌ ཀལ༌ཨིན༌།
ཁོའེ༌ ཁྱོ༌རང༌ངི༌ ཕིའ༌ ལམ༌ གྲལ༌གྲིག༌ ཅོ༌ཨིན༌།’a”
11 “ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌,
དག༌ས༌ ཚོག༌པ༌ སྐྱེས༌ཁན༌ མི༌གུན༌ནི༌ ནང༌ནེ༌ ཡོ༌ཧཱ༌ནན༌ ཁྲུས༌སལ༌ཁན༌ནི༌ སང༌ ཀྲག༌ག༌ཞིག༌ སུའང༌ མེད༌པ༌ ཨིན༌ནོག༌,
ཨིན༌ནའང༌ ནམ༌ཁའེ༌ གྱལ༌སྲིད༌དི༌ ནང༌ང༌ ཆུང༌ཤོག༌པོ༌ ཡོ༌ཧཱ༌ནན༌ནི༌ སང༌ ཀྲག༌ག༌ ཨིན༌།
12 ཁྲུས༌སལ༌ཁན༌ ཡོ༌ཧཱ༌ནན༌ནི༌ ཆོས༌ཤད༌ཅེས༌ གོ༌ཟུགས༌པ༌ནེ༌ དག༌ས༌ ཚོག༌པ༌ དཀོན༌མཆོག༌གི༌ ཝང༌ ཉམ༌པོ༌ ཁོང༌རང༌ངི༌ གྱལ༌སྲིད༌པོ༌ གྱས༌ཤུག༌ག༌ ཛད༌ཨིན༌ ཨིན༌ནོག༌,
ཨིན༌ནའང༌ ནོད༌སྐྱལ༌ མི༌ ངན༌པ༌གུན༌ནི༌ ཏེ༌བོའེ༌ གྱབ༌གལ༌ལ༌ ནོལ༌ཨིན༌ ཨིན༌ནོག༌།
13 ཡོ༌ཧཱ༌ནན༌ ཡོང༌ངི༌ སང༌ སྔུན༌ལ༌ ནམ༌ཁའེ༌ གྱལ༌སྲིད༌དི༌ སྐོར༌ལ༌ བཀའ༌ཁྲིམས༌སི༌ སྤེ༌ཆ༌ དང༌ ལུང༌སྟོན༌པ༌ ཚང༌མའེ༌ ལུང༌སྟན༌ ཤད༌ད༌ ཛདས༌།
14 ཀལ༌ཏེས༌ ངའེ༌ ཟེར༌ཅེས༌པོའ༌ ཨིད༌ཤེས༌ ཅོའ༌ ཐད༌ན༌,
ཡོ༌ཧཱ༌ནན༌ ནི༌ ཨེ༌ལི༌ཡཱ༌ ཨིན༌ ཀ༌བོ༌ ལུང༌སྟོན༌པ༌གུན༌ནི༌ ཡོང༌ཨིན༌ མོལ༌ཏེ༌ ཨིན༌པིན༌།
15 ནམ༌ཅོག༌ ཡོད༌ཁན༌གུན༌ནི༌ ངའེ༌ ཟེར༌ཁན༌ལ༌ ཉོན༌ཤིག༌།”
16 “ངའེ༌ འི༌ མི༌རབས༌པོ༌ སུ༌ ཉམ༌པོ༌ ལྡུར༌?
ཁྲོམས༌སི༌ ནང༌ང༌ དུག༌ཁན༌ནི༌ ཕྲུ༌གུ༌གུན༌ ཙོགས༌ ཀ༌གུན༌ནི༌ ཛ༌འོ༌གུན༌ལ༌ བོད༌ཨིན༌ ཟེར༌དུག༌,
17 ‘ང༌ཞའེ༌ ལིང༌བུ༌ ཕུས༌ཏེའང༌ ཁྱོ༌ཞའ༌ མ༌རྩེས༌།
ང༌ཞའེ༌ ཤད༌པ༌ ཏང༌ ཟ༌ནེ༌ ཁྱོ༌ཞའེ༌ ཉ༌ངན༌ མ༌ཅོས༌།’”
18 “ཏེན༌ན༌ ཙོགས༌ལ༌ ཡོ༌ཧཱ༌ནན༌ ཡོངས༌ཏེ༌ ཟན༌ མ༌ཟོས༌ ཡ༌ ཆང༌ མ༌ཐུངས༌པ༌ མི༌གུན༌ནི༌ ‘ཁོའེ༌ ནང༌ང༌ རྡུད༌ ཞུགས༌ཏེ༌ ཨིན༌ནོག༌’ ཟེརས༌།
19 མི༌རིགས༌སི༌བུ༌ ཡོང༌ཏེ༌ ཟན༌ ཟོས༌ཏེ༌ ཆང༌ ཐུངས༌པ༌,
ཁྱོ༌ཞའེ༌ ‘ཁོ༌ མུག༌ཞུགས༌ དང༌ ར༌རོས༌ཏེ༌ དུག༌ཁན༌ ཡང༌ ཁྲལ༌ལེན༌ཁན༌ དང༌ སྡིག༌ཅན༌ གུན༌ནི༌ ཛ༌འོ༌ ཨིན༌ནོག༌’ ཟེརས༌།
ཨིན༌ནའང༌ ང༌ཞའ༌ ཤེས༌རབས༌སི༌ ལམ༌མི༌ཀ༌ གྲུལ༌ཁན༌བོ༌ ང༌ཞའེ༌ ལས༌སི༌ བྲས༌བུའི༌ སྟན༌ཨིན༌།”
ཏད༌པ༌ མེད༌ཁན༌གུན༌ལ༌ ཁྲིམས༌ཅད༌ད༌ ཛད༌ཨིན༌།
11:20-24
20 ཏེ༌ནེ༌ གཙོ༌བོ༌ ཡེ༌ཤུའི༌ ཁོང༌ངི༌ ཧ༌ལས༌ཤེས༌སི༌ ཛད༌པ༌ མང༌པོ༌ སྟན༌ན༌ ཛད༌ཁན༌ནི༌ གྱལ༌ས༌གུན༌ནི༌ གྱབ༌གལ༌ལ༌ མོལས༌,
ཅིའ༌ཟེར༌ན༌ ཏེ༌ནང༌ང༌ ཡོད༌ཁན༌གུན༌ནི༌ སྡིག༌པ༌ སྤངས༌ཏེ༌ གྱོད༌པ༌ མ༌ཅོས༌།
21 “ཀོ༌ར༌ཟིན༌པ༌ དང༌ བེད༌སའི༌ད༌པ༌ གུན༌ ཁྱོ༌ཞ༌གུན༌ལ༌ ཙམ༌ཤིག༌གི༌ ཇིགས༌ནང༌ མ༌ནོག༌།
ཀལ༌ཏེས༌ ཁྱོ༌ཞའེ༌ ནང༌ང༌ སྟན༌ཁན༌ནི༌ ཛད༌པ༌གུན༌,
ཏཱ༌ཡིར༌ དང༌ སི༌དོན༌ གྲོང༌ཁྱེར༌ ངན༌པ༌གུན༌ནི༌ ནང༌ང༌ སྟན༌པིན༌ན༌,
ཁོང༌གུན༌ནི༌ སྡིག༌པ༌ སྤངས༌ཏེ༌ གྱོད༌པ༌ ཅོས༌ཏེ༌ ཕ༌ཙའ༌ གོན༌ཏེ༌,
ཀོག༌ཐལ༌ ཡོག༌ཨིན༌ རྡུག༌པོ༌ ཅོས༌ཏེ༌ ཡོད༌གྲོ༌།
22 ཨིན༌ནའང༌ ངའེ༌ ཁྱོ༌ཞ༌གུན༌ལ༌ ཟེར༌རད༌ དཀོན༌མཆོག༌གི༌ ཁྲིམས༌ཅད༌དི༌ ཞག༌ག༌,
ཏཱ༌ཡིར༌ དང༌ སི༌དོན༌པ༌ གྲོང༌ཁྱེར༌རི༌ མི༌གུན༌ནི༌ སང༌ ཁྱོ༌ཞའ༌ ཆད༌པ༌ མང༌ང༌ སྲན༌ཏྲེ༌ ཕོག༌ཨིན༌།”
23 “ཝ༌ ཀ༌ཕར༌ན༌ཧུམ༌པ༌གུན༌ ཅི༌ ཁྱོ༌ཞའ༌ རྩི༌ཝ༌ ཏངས༌ཏེ༌ ནམ༌ཁའ༌ ཁྱེར༌ར༌ ཛད༌ཨིན༌ སམ༌མ༌ རག༌ག༌?
མ༌ནེ༌ མི༌ཐེན༌།
ཁྱོ༌ཞ༌གུན༌ ཉལ༌ཝའེ༌ ནང༌ང༌ ཕང༌ང༌ ཛད༌ཨིན༌།
ཀལ༌ཏེས༌ ཁྱོ༌ཞ༌གུན༌ལ༌ སྟན༌ན༌ ཛད༌ཁན༌ནི༌ ཛད༌པ༌གུན༌ སོ༌དོམ༌པ༌ མི༌ངན༌གུན༌ལ༌ སྟན༌པིན༌ན༌ གྱོད༌པ༌ ཅོས༌ཏེ༌ ཁོང༌གུན༌ དག༌ས༌ ཚོག༌པ༌ འི༌ ཇིག༌རྟེན༌ནི༌ཀ༌ ལུས༌ཏེ༌ ཡོད༌གྲོ༌།
24 ཨིན༌ནའང༌ ངའེ༌ ཁྱོ༌ཞ༌གུན༌ལ༌ ཟེར༌རད༌,
དཀོན༌མཆོག༌གི༌ ཁྲིམས༌ཅད༌དི༌ ཞག༌ག༌,
སོ༌དོམ༌ གྲོང༌ཁྱེར༌རི༌ མི༌གུན༌ནི༌ སང༌ ཁྱོ༌ཞའ༌ ཆད༌པ༌ མང༌ང༌ སྲན༌ཏྲེ༌ ཕོག༌ཨིན༌།”
ངལ༌ཁན༌གུན༌ལ༌ ངལ༌ཚོ༌ སལ༌ཨིན༌།
11:25-30
25 ཏེན༌ན༌ ཏུས༌ལ༌ གཙོ༌བོ༌ ཡེ༌ཤུའི༌ མོས༌ལམ༌ ཞུ༌ཨིན༌ མོལས༌,
“ངའེ༌ ཡབ༌ ནམ༌ཁའ༌ དང༌ ཇིག༌རྟེན༌ནི༌ གཙོ༌བོ༌ལེ༌,
ངའེ༌ ཉེ༌རང༌ང༌ སྟོད༌པ༌ ཕུལ༌ལད༌ ཅིའ༌ཟེར༌ན༌ ཉེ༌རང༌ངི༌ ཀྲང༌པོ༌ ལམ༌བོ༌ ཁས༌པ༌ དང༌ ཡོན༌ཏན༌ཅན༌གུན༌ནེ༌ སྦས༌ཏེ༌,
ཕྲུ༌གུ༌ ཙོགས༌ ཡོད༌ཁན༌གུན༌ལ༌ སྔོན༌ ཅུག༌ག༌ ཛདས༌།
26 འོ༌ན༌ ཡབ༌ལེ༌ ཏེ༌ཟུག༌ ཛད༌ཅེས༌པོའ༌ ཉེ༌རང༌ ཐུགས༌ཐད༌།”
27 “ངའེ༌ ཡབ༌ དཀོན༌མཆོག༌གི༌ ཝང༌ཆ༌ ཚང༌མ༌ ངའ༌ སྟད༌ད༌ ཛད༌ཏེ༌ ཨིན༌།
ཡབ༌བི༌ མ༌ནེ༌ ཞན༌སུའིང༌ བུ༌ཚ༌ ངོ༌ མི༌ཤེས༌,
ཡང༌ བུ༌ཚའེ༌ མ༌ནེ༌ ཞན༌སུའང༌ ཡབ༌ ངོ༌ མི༌ཤེས༌,
ཨིན༌ནའང༌ ངའེ༌ ལྡམ༌ཁན༌གུན༌ལ༌ ཡབ༌ སྔོན༌ཅུག༌ཨིན༌།”
28 “སེམས༌སི༌ ནང༌ང༌ ངལ༌ཁན༌ དང༌ ཁུར༌རུ༌ ལྕིན༌ཏྲེ༌ ཁུར༌ཁན༌ ཚང༌མ༌ ང༌ ཡོད༌ས༌ ཡོང༌,
ཡང༌ ངའེ༌ ཁྱོ༌ཞའ༌ ངལ༌ཚོ༌ ཏང༌ཨིན༌།
29 ངའེ༌ ཉ༌ཤིང༌བོ༌ ཁུར༌ ཡང༌ ངའེ༌ ཀ༌ནེ༌ ལོབ༌ ཅིའ༌ཟེར༌ན༌ ང༌ ནི༌ སེམས༌སི༌ ནང༌ང༌ བོལ༌མོ༌ དང༌ ཉམ༌ཤུང༌ ཨིན༌,
ཡང༌ ཁྱོ༌ཞ༌གུན༌ནི༌ སེམས༌ལ༌ ངལ༌ཚོ༌ ཐོབ༌ཨིན༌།
30 ངའེ༌ ཉ༌ཤིང༌བོ༌ ཁུར༌ར༌ལ༌ ལ༌མོ༌ ཡང༌ ངའེ༌ ཁུ༌རུ༌བོ༌ ཡང༌མོ༌ ཡོད༌།”