མད༌ཐཱའེ༌ བྲིའ༌ཛད༌ཁན༌ནི༌ གའ༌མོའེ༌ ནས༌ཚུལ༌།
གཙོ༌བོ༌ ཡེ༌ཤུའི༌ ཕ༌མེས༌པོ༌གུན༌།
1:1-17
1
འི༌བོ༌ ནི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཕ༌མེས༌པོ༌གུན༌ནི༌ ཐོ༌ཨིན༌,
ཁོང༌ གྱལ༌པོ༌ དཱ༌བིད༌ དང༌ ཨབ༌ར༌ཧམ༌མི༌ པུར༌གྱུད༌ ཨིན༌ནོག༌།
མད༌ཐཱ༌ 1:1-17
2 ཨབ༌ར༌ཧམ༌ ནི༌ ཨི༌སཱག༌གི༌ ཨ༌བ༌ ཨིན༌པིན༌།
ཨི༌སཱག༌ ནི༌ ཡ༌ཀོབ༌བི༌ ཨ༌བ༌ ཨིན༌པིན༌།
ཡ༌ཀོབ༌ ནི༌ ཡ༌ཧུ༌དཱ༌ དང༌ ཁོའེ༌ ཨ༌ཅོ༌ནོ༌ ཚང༌མའེ༌ ཨ༌བ༌ ཨིན༌པིན༌།
3 ཡ༌ཧུ༌དཱ༌ ནི༌ ཕེ༌རེས༌ དང༌ ཟེ༌རཧ༌ གུན༌ནི༌ ཨ༌བ༌,
ཡང༌ ཁོང༌གུན༌ནི༌ ཨ༌མ༌ ནི༌ ཏ༌མར༌ ཨིན༌པིན༌།
ཕེ༌རེས༌ ནི༌ ཧེས༌རོན༌ནི༌ ཨ༌བ༌ ཨིན༌པིན༌།
ཧེས༌རོན༌ ནི༌ རམ༌མི༌ ཨ༌བ༌ ཨིན༌པིན༌།
4 རམ༌ ནི༌ ཨམ༌མི༌ན༌དབ༌བི༌ ཨ༌བ༌ ཨིན༌པིན༌།
ཨམ༌མི༌ན༌དབ༌ ནི༌ ན༌ཧ༌ཤོན༌ནི༌ ཨ༌བ༌ ཨིན༌པིན༌།
ན༌ཧ༌ཤོན༌ ནི༌ སལ༌མོན༌ནི༌ ཨ༌བ༌ ཨིན༌པིན༌།
5 སལ༌མོན༌ ནི༌ བོ༌ཨཟ༌ཟི༌ ཨ༌བ༌,
ཡང༌ ཁོའེ༌ ཨ༌མ༌ ནི༌ ར༌ཧབ༌ ཨིན༌པིན༌།
བོ༌ཨཟ༌ ནི༌ ཨོ༌བེད༌དི༌ ཨ༌བ༌,
ཡང༌ ཁོའེ༌ ཨ༌མ༌ ནི༌ རུཐ༌ ཨིན༌པིན༌།
ཨོ༌བེད༌ ནི༌ ཡེ༌ཤེའེ༌ ཨ༌བ༌ ཨིན༌པིན༌།
6 ཡེ༌ཤེ༌ ནི༌ གྱལ༌པོ༌ དཱ༌བིད༌དི༌ ཨ༌བ༌ ཨིན༌པིན༌།
དཱ༌བིད༌ ནི༌ སོ༌ལོ༌མོན༌ནི༌ ཨ༌བ༌,
ཡང༌ ཁོའེ༌ ཨ༌མ༌ ནི༌ ཨུ༌རི༌ཡཱཧའེ༌ ན༌མ༌ བད༌ཤི༌བ༌ ཨིན༌པིན༌།
7 སོ༌ལོ༌མོན༌ ནི༌ རེ༌ཧབ༌བོ༌འམ༌མི༌ ཨ༌བ༌ ཨིན༌པིན༌།
རེ༌ཧབ༌བོ༌འམ༌ ནི༌ ཨ༌བི༌ཡཱའེ༌ ཨ༌བ༌ ཨིན༌པིན༌།
ཨ༌བི༌ཡཱ༌ ནི༌ ཨ༌སའེ༌ ཨ༌བ༌ ཨིན༌པིན༌།
8 ཨ༌ས༌ ནི༌ ཡེ༌ཧོ༌ཤ༌ཕད༌དི༌ ཨ༌བ༌ ཨིན༌པིན༌།
ཡེ༌ཧོ༌ཤ༌ཕད༌ ནི༌ ཡེ༌ཧོ༌རམ༌མི༌ ཨ༌བ༌ ཨིན༌པིན༌།
ཡེ༌ཧོ༌རམ༌ ནི༌ ཨུཟ༌ཟི༌ཡཱའི༌ ཨ༌བ༌ ཨིན༌པིན༌།
9 ཨུཟ༌ཟི༌ཡཱ༌ ནི༌ ཡོ༌ཐམ༌མི༌ ཨ༌བ༌ ཨིན༌པིན༌།
ཡོ༌ཐམ༌ ནི༌ ཨ༌ཧ༌ཟིའི༌ ཨ༌བ༌ ཨིན༌པིན༌།
ཨ༌ཧ༌ཟི༌ ནི༌ ཧི༌ཟི༌ཀི༌ཡའི༌ ཨ༌བ༌ ཨིན༌པིན༌།
10 ཧི༌ཟི༌ཀི༌ཡ༌ ནི༌ མ༌ནས༌སའེ༌ ཨ༌བ༌ ཨིན༌པིན༌།
མ༌ནས༌ས༌ ནི༌ ཨ༌མོན༌ནི༌ ཨ༌བ༌ ཨིན༌པིན༌།
ཨ༌མོན༌ ནི༌ ཡོ༌ཤི༌འཧའེ༌ ཨ༌བ༌ ཨིན༌པིན༌།
11 ཡང༌ མག༌གི༌ སྟིང༌ནེ༌ ཡ༌ཧུ༌དཱ༌པ༌གུན༌ བ༌བེ༌ལོན༌ལ༌ ཁྱེར༌རི༌ ཏུས༌ ཡོ༌ཤི༌འཧ༌ ནི༌ ཡེ༌ཀོ༌ནི༌ཡཱ༌ དང༌ ཁོའེ༌ ཨ༌ཅོ༌ནོ༌གུན༌ནི༌ མེ༌མེ༌ གྱུར༌།
12 བ༌བེ༌ལོན༌ལ༌ ཁྱེར༌ཏེ༌ སྟིང༌ནེ༌
ཡེ༌ཀོ༌ནི༌ཡཱ༌ ནི༌ ཤའལ༌ཏི༌ཡེལ༌ལི༌ ཨ༌བ༌ ཨིན༌པིན༌།
ཤའལ༌ཏི༌ཡེལ༌ ནི༌ ཟེ༌རུཔ༌བ༌བེལ༌ལི༌ མེ༌མེ༌ ཨིན༌པིན༌།
13 ཟེ༌རུཔ༌བ༌བེལ༌ ནི༌ ཨ༌བི༌ཧུད༌དི༌ ཨ༌བ༌ ཨིན༌པིན༌།
ཨ༌བི༌ཧུད༌ ནི༌ ཨེ༌ལི༌ཡ༌ཀིམ༌མི༌ ཨ༌བ༌ ཨིན༌པིན༌།
ཨེ༌ལི༌ཡ༌ཀིམ༌ ནི༌ ཨ༌ཟོར༌རི༌ ཨ༌བ༌ ཨིན༌པིན༌།
14 ཨ༌ཟོར༌ ནི༌ ཟ༌དོག༌གི༌ ཨ༌བ༌ ཨིན༌པིན༌།
ཟ༌དོག༌ ནི༌ ཨ༌ཀིམ༌མི༌ ཨ༌བ༌ ཨིན༌པིན༌།
ཨ༌ཀིམ༌ ནི༌ ཨེ༌ལི༌ཧུད༌དི༌ ཨ༌བ༌ ཨིན༌པིན༌།
15 ཨེ༌ལི༌ཧུད༌ ནི༌ ཨེ༌ལི༌འ༌ཟར༌རི༌ ཨ༌བ༌ ཨིན༌པིན༌།
ཨེ༌ལི༌འ༌ཟར༌ ནི༌ མད༌ཐན༌ནི༌ ཨ༌བ༌ ཨིན༌པིན༌།
མད༌ཐན༌ ནི༌ ཡ༌ཀོབ༌བི༌ ཨ༌བ༌ ཨིན༌པིན༌།
16 ཡ༌ཀོབ༌ ནི༌ ཡོ༌སེབ༌བི༌ ཨ༌བ༌ ཡང༌ ཡོ༌སེབ༌བི༌ ན༌མ༌ ནི༌ མིར༌ཡམ༌ ཨིན༌པིན༌,
ཁོའ༌ ཡེ༌ཤུ༌,
དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌ ལྟམས༌།
17 ལྡུས༌ཏེ༌ ཟེར༌ན༌ ཨབ༌ར༌ཧམ༌ནེ༌ གྱལ༌པོ༌ དཱ༌བིད༌དི༌ པར༌ལ༌ མི༌རབས༌ 14,
ཡང༌ གྱལ༌པོ༌ དཱ༌བིད༌དི༌ ཏུས༌ནེ༌ ཡ༌ཧུ༌དཱ༌པ༌གུན༌ བ༌བེ༌ལོན༌ནི༌ ཡུལ༌ལ༌ ཁྱེར༌ཁྱེར༌ ཚག༌པ༌ མི༌རབས༌ 14,
ཡང༌ ཡ༌ཧུ༌དཱ༌པ༌གུན༌ བ༌བེ༌ལོན༌ལ༌ ཁྱེར༌ཁན༌ནི༌ ཏུས༌ནེ༌ མ༌ཤི༌ཀའེ༌ ཏུས༌ ཚག༌པ༌ མི༌རབས༌ 14 ཡོད༌ཏེ༌ ཨིན༌ནོག༌།
ཡེ༌ཤུ༌ མ༌ཤི༌ཀ༌ ཁྲུངས༌ཚུལ༌།
1:18-25
18 གཙོ༌བོ༌ ཡེ༌ཤུ༌,
དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀའེ༌ ཁྲུང༌ ཚུལ༌ ནི༌ འི༌ཟུག༌གི༌ ཇུངས༌ཏེ༌ ཨིན༌པིན༌,
ཁོང༌ངི༌ ཨ༌མ༌ མིར༌ཡམ༌ ཡོ༌སེབ༌བ༌ ན༌མ༌ ཏྲིས༌ཏེ༌ ཨིན༌པིན༌།
ཨིན༌ནའང༌ ཁོང༌གུན༌ ཛོམས༌ཏེ༌ ཉམ༌པོ༌ དུག༌གི༌ སང༌ སྔུན༌ལ༌ ཏམ༌པའེ༌ ཐུག༌ཉིད༌དི༌ མིར༌ཡམ༌ སྐྱེ༌ཅེས༌མ༌ཞིག༌ གྱུར༌ཅུགས༌།
མད༌ཐཱ༌ 1:18-25
19 ཁོ༌ ན༌མ༌ ཏྲི༌ཁན༌ ཡོ༌སེབ༌,
མི༌ ཀྲང༌པོ༌ཞིག༌ ཨིན༌པ༌,
མིར༌ཡམ༌མ༌ མི༌གུན༌ནི༌ དུན༌ལ༌ ཁྲེལ༌བ༌ ཆ༌ མི༌ཅུག༌ སམས༌ཏེ༌,
ཁོ༌རང༌ངི༌ སམ༌བའེ༌ ནང༌ང༌ སང༌ཝའེ༌ ཐོག༌ནེ༌ མིར༌ཡམ༌ ཉམ༌པོ༌ ན༌མ༌ མི༌ཅོ༌ སམས༌ཏེ༌ ཐག༌ཅདས༌།
20 ཏེ༌ཟུག༌ ཐག༌ཅད༌ཏེ༌ སྟིང༌ནེ༌,
ཡོ༌སེབ༌བི༌ ཉི༌ལམ༌མི༌ ནང༌ང༌ དཀོན༌མཆོག༌གི༌ ཕོ༌ཉའེ༌ འི༌ཟུག༌ མོལ༌ཨིན༌ ཇལ༌,
“གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌ ཡོ༌སེབ༌,
མིར༌ཡམ༌མ༌ ན༌མ༌ ཅོས༌ཏེ༌ ཁྱེར༌ཅེས༌ལ༌ ཇིགས༌ མ༌ཇིགས༌,
མིར༌ཡམ༌མི༌ ནང༌ང༌ ཆགས༌ཁན༌ནི༌ ཕྲུ༌གུ༌བོ༌ ཏམ༌པའེ༌ ཐུག༌ཉིད༌དི༌ ཞས༌ཏེ༌ ཨིན༌།
21 མིར༌ཡམ༌མ༌ བུ༌ཚ༌ཞིག༌ སྐྱེ༌ཨིན༌,
ཡང༌ ཁྱོ༌རང༌ངི༌ ཁོང༌ངི༌ ཚན༌ལ༌ ཡེ༌ཤུ༌a ཏག༌གོས༌ ཅིའ༌ཟེར༌ན༌ ཁོང༌ངི༌ ཁོང༌རང༌ངི༌ མི༌གུན༌ ཁོང༌གུན༌ནི༌ སྡིག༌པའེ༌ ཀ༌ནེ༌ སྐྱོབ༌བ༌ ཛད༌ཨིན༌།”
22 ལུང༌སྟོན༌པ༌ ཡེ༌ཤ༌ཡཱ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ མོལ༌ཁན༌ ཚང༌མ༌ གྲུབ༌ཅེས༌སི༌ ཕིའ༌ ཏེ༌ ཚང༌མ༌ ཇུངས༌ཏེ༌ ཨིན༌ནོག༌།
ཡེ༌ཤ༌ཡཱའེ༌ བྲིས༌ཁན༌བོ༌ ནི༌,
23 “ལྟོས༌ ན༌ཆུང༌,
བུ༌ཚ༌ ཉམ༌པོ༌ བྲེལ༌ མ༌ཆའ༌ཁན༌ ཞིག༌གི༌ ནང༌ང༌ ཕྲུ༌གུ༌ ཆགས༌ཏེ༌ བུ༌ཚ༌ཞིག༌ ཇོར༌ཨིན༌,
ཡང༌ ཁོང༌ངི༌ ཚན༌ལ༌ ཨེམ༌མ༌ནུ༌ཨེལ༌ ཞུ༌ཨིན༌b,
ཀ༌བོའེ༌ ཏོན༌ཏག༌པོ༌ ནི༌ ‘དཀོན༌མཆོག༌ ང༌དང༌ ཉམ༌པོ༌’ ཨིན༌ནོག༌།”
24 ཡོ༌སེབ༌བ༌ ཉིད༌ཚད༌ད༌ཅིག༌,
གཙོ༌བོའེ༌ ཕོ༌ཉའེ༌ མོལ༌ཁན༌ ནང༌ཞིན༌ མིར༌ཡམ༌ ཉམ༌པོ༌ ན༌མ༌ ཅོས༌ཏེ༌ ཁོ༌རང༌ངི༌ ཁང༌པ༌ ཁྱོངས༌།
25 ཨིན༌ནའང༌ སྲས༌པོ༌ ཇོར༌ཇོར༌ ཚོག༌པ༌ ཡོ༌སེབ༌བི༌ མིར༌ཡམ༌ ཉམ༌པོ༌ ལུས༌བྲེལ༌ མ༌ནེ༌ མ༌བོརས༌,
ཡང༌ སྲས༌པོའེ༌ ཚན༌ལ༌ ཡོ༌སེབ༌བི༌ ཡེ༌ཤུ༌ ཏག༌ག༌ ཛདས༌།