༄༅། །སྐུ་ཚབ་པེ་ཏྲོ་གིས་བྲིས་མི་ཡི་གུ་གཉིས་པ་བཞུགས་སོ།།
པེ་ཏྲོ་གཉིས་པ་ལེའུ་
ངོ་སྤྲོད།
པེ་ཏྲོ་གིས་ ཨ་ནི་ཡི་གུ་འབྲི་བའི་བསྒང་ལུ་ ཁོ་འཕྲལ་རང་ ཤི་འོང་ཟེར་ཤེསཔ་ལས་བརྟེན་ཏེ་ ཁོང་ཡི་གུ་ལྷག་མི་ཚུ་ལུ་ མཐའན་མཇུག་ལུ་ཁག་ཆེ་བའི་ལོ་རྒྱུས་ དག་པ་ཅིག་གི་སྐོར་ལས་ དྲན་བསྐུལ་འབད་ནིའི་དོན་ལས་ འབྲི་འབྲིཝ་ཨིན་མས། འདི་ནང་ གཙོ་བོ་རང་ གཙོ་བོ་ཡེ་ཤུ་ལོག་སྟེ་འབྱོན་ནིའི་སྐོར་ལས་དང་ སློབ་དཔོན་རྫུས་མ་ཚུ་ལས་ ན་འཐན་འབད་ཟེར་ ཉེན་བརྡ་འབད་ནུག ལེའུ་དང་པ་ནང་ལུ་ རང་གི་མི་ཚེ་ནང་ འབྲས་བུ་ལེགས་ཤོམ་བཏགས་ཏེ་ གཙོ་བོ་གིས་ཐུགས་དགྱེས་ནིའི་དོན་ལུ་ ཁག་ཆེ་བའི་བཀའ་རྒྱ་ཚུ་ག་ཅི་ཨིན་ན་ དེ་ཚུ་གི་སྐོར་ལས་ཡང་འབྲི་སྟེ་ཡོད།།