༄༅། །སྐུ་ཚབ་པེ་ཏྲོ་གིས་བྲིས་མི་ཡི་གུ་དང་པ་བཞུགས་སོ།།
པེ་ཏྲོ་དང་པ་ལེའུ་
ངོ་སྤྲོད།
པེ་ཏྲོ་དང་པ་དང་གཉིས་པ་གི་ཡི་གུ་འདི་ ཡེ་ཤུའི་སློབ་མ་ པེ་ཏྲོ་གི་བྲིས་ནུག ཁོ་འདི་བསྒང་ལས་ ཁོ་དཀོན་མཆོག་གི་ཐུགས་རྗེ་གི་སྐོར་ལས་ཧ་གོ་མི་ མི་མཉམ་ཆུང་གཅིག་ལུ་འགྱུར་སོང་ནུག ཁོ་གི་ཡི་གུ་འདི་ ཧ་གོ་ནིའི་དོན་ལུ་ འཇམ་ཏོང་ཏོ་ཡོད། ཨ་ནི་ཡི་གུ་ལྷག་མི་ཚུ་ག་ར་ དདཔ་ཅན་ངོ་མ་གི་བྱ་སྤྱོད་ཚུ་ ག་ཅི་ར་ཨིན་ན་དང་ ཁག་ཆེ་ཤོས་རང་ དཀའ་སྡུག་གི་སྐོར་ལས་ གཙོ་བོ་བསྟེན་ཏེ་ཡོད་ ག་ཅི་འབད་ཟེར་བ་ཅིན་ འདི་བསྒང་ དདཔ་ཅན་ཚུ་ གནོད་འཚེ་དང་དཀའ་སྡུག་བྱུང་བའི་བསྒང་ཡོདཔ་ཨིན་མས། ཁོ་གིས་ཁོང་ལུ་དེ་སྦེ་སླབ་ནུག་ ཁྱེད་ དཀོན་མཆོག་གི་ཞབས་ཕྱིཔ་ཨིནམ་ལས་བརྟེན་ཏེ་ མཉམ་ཆུང་སྦེ་སྡོད་དགོཔ་དང་ འགོ་དཔོན་གྱི་བཀའ་ལུ་ཉན་དགོཔ་ དེ་ལས་ དཔོན་ལུ་ཞེ་ས་ཕུལ་དགོ་ཟེར་ཡི་གུ་ནང་བྲིས་ནུག།