༄༅། །སྐུ་ཚབ་ཚུ་གིས་མཛད་པ་བཞུགས་སོ།།
མཛད་པ་ལེའུ་
ངོ་སྤྲོད།
མཛད་པ་གི་དེབ་འདི་ བྱུང་རབས་ཀྱི་དེབ་ཨིན། དེབ་འདི་ ལུ་ཀ་གིས་ ཡེ་ཤུ་གི་སློབ་མ་ཆ་ཁྱབ་ ཕར་དང་ཚུར་ཁ་གཏོར་འགྱོ་ཞིནམ་ལས་ ཡེ་ཤུ་གི་སྐོར་ལས་ སྤོབས་པ་ཆེ་ཏོག་ཏོ་སྦེ་ ཆོས་བཤད་མི་དང་ དེ་ལས་ག་དེ་སྦེ་མི་ལེ་ཤ་ གཙོ་བོ་ཡེ་ཤུ་ལུ་ དད་པ་བསྐྱེད་དེ་འོང་ཡི་ག་ཟེར་བའི་ལོ་རྒྱུས་ཚུ་ ལུ་ཀ་གི་གཏམ་བཟང་གི་དེབ་ཀྱི་འཕྲོ་མཐུད་ཨིན། དེ་གིས་མ་ཚད་པར་ དམ་པའི་ཐུགས་ཉིད་ཀྱིས་ ཁོང་གིས་འབད་མི་ནང་ ག་དེ་སྦེ་ལམ་སྟོན་མཛད་གནང་ཡི་ག་ དེ་གི་སྐོར་ལས་ཡང་ཨིན། འདི་ནང་ གཙོ་བོ་ལུ་ དད་པ་བསྐྱེད་དེ་ ཐ་དམ་ཚིག་སྲུང་སྟེ་སྡོད་མི་ཚུ་ལུ་ གནོད་འཚེ་བྱུང་ དེ་ལས་དམར་གསད་འབད་བའི་ལོ་རྒྱུས་ སེམས་འཁྲུལ་སི་སི་ཚུ་ཡང་ཡོད། དེ་ལས་གཞན་ཡང་ ཧ་ལས་སི་སི་གི་ལོ་རྒྱུས་ཚུ་ ཕོ་ཉ་ཚུ་གིས་ བཙོན་ཁང་ནང་ལས་ མི་ཚུ་ག་དེ་སྦེ་ ཕྱི་ཁར་བཏོན་ཡི་ག་ དེ་ལས་མི་ལ་ལུ་ཅིག་ལུ་ ག་ཡང་མེད་པར་ སེམས་ཤི་སྟེ་སྡོད་པའི་བསྒང་ གཙོ་བོ་བྱོན་ཏེ་ ག་དེ་སྦེ་སེམས་ཤུགས་གནང་ཡི་ག་ དེ་ཚུ་གི་སྐོར་ལས་ཡང་ཡོད། དེབ་འདི་ནང་ལས་ སྐུ་ཚབ་ པའུལ་གྱི་མི་ཚེའི་སྐོར་ལས་ ལེ་ཤ་རང་ང་བཅས་ཀྱིས་ཧ་གོ་ཚུགས་པས།།