སྲོག་ ཏང་ཀ་ནེ་ སྃ་སྤོ་།
22
ཏེ་ནི་ ཕོ་ཉ་རྦེ་ ང་, སྲོག་ ཏང་ཀ་ནེ་ ཆུ་ རྒྱུག་ཀན་ སྃ་སྤོ་, ཤེལ་ ཙོག་སེ་ ལག་མོ་, ཀོན་འཇོག་ རྡང་ ལུ་རྒུའི་ ཞུ་ཁྲིའི་ཀ་ནི་ འབིང་ཀན་འབོ་ ལྟན་ནེ་ ཛེད་། 2 ཏོ་ ཡོག་ལ་ རྒྱལ་སེ་ རྒྱ་ལམ་མེ་ རྐྱིལ་ནི་ རྒྱུག་ཏུག་, ཡང་ སྃ་སྤེ་ ལྡ་ལྡོ་ ཉ་ཧ་ སྲོག་ ཏང་ཀ་ནེ་ ལྕང་མ་ རྐྱེ་རྡེ་ འདུག་, ཀ་འབོ་ལ་ ལོ་ ཅིག་རྒེ་ན་ ལྟོན་ཏོག་ ཅུག་ཉི་ མིན་འདུག་། ལྡ་ རེ་རེ་ན་ ལྟོན་ཏོག་ རེ་རེ་, ཡང་ ཏོ་རྦེ་ ལོ་མ་རྒུན་, རྒྱལ་ཁབ་རྒུན་ ཕན་ཅེ་ཕི་ མན་ནེ་ ཚུལ་ལ་ ཀོལ་འདུག་། 3 ཀོན་འཇོག་རྒེ་ ངན་ ཏབ་རྦེ་ ཛེད་ཀན་འབོ་ མེ་ཀན་ ཆེན་, ཅེ་ཟེར་ནི་ ཀོན་འཇོག་ ཏང་ ལུ་རྒུའི་ ཞུ་ཁྲིའི་རྒུན་ ཏུ་རུ་ ཡོད་ཏེ་ ནོག་, ཡང་ ཁོང་ངེ་ ཞབ་རྟོག་པ་རྒུ་ནི་ ཁོང་ལ་ ཅོལ་ལེན་། 4 ཁོང་རྒུ་ནི་ ཀོན་འཇོག་རྒེ་ ཞལ་འདོང་ འཇལ་ལེན་, ཡང་ ཁོང་ངེ་ ཚན་ ཁོང་རྒུ་ནི་ ཐོད་པེ་ཀ་ འབྲིན་། 5 ཏུ་རུ་ ཚན་ མ་ནི་ མི་ཡོང་, ཡང་ ཁོང་རྒུན་ལ་ རྐྱོན་ཙེ་ ཡང་ ཉི་མེ་ འོད་རྡེ་ རྒོའེ་ཤེ་ མི་ཆ་, ཅེ་ཟེར་ནི་ ཙོབོ་ ཀོན་འཇོག་ ཁོང་རྒུ་ནི་ འོད་པོ་ ནོག་། ཁོང་རྒུ་ནི་ རྒྱ་སྤོ་རྒུན་ ཙོག་སེ་ ཏུའི་རྒྱུན་ནི་ཏུའི་རྒྱུན་ ཝང་སྲུལ་ལེན་། 6 ཏེ་ནི་ ཕོ་ཉ་རྦེ་ ང་ མོལ་, “ཁྱེ་རང་ལ་ ཚོར་ཧན་རྒུན་ ལོ་ཁྱེལ་ཅེན་ འདང་ ཀྲང་པོ་ འིན་། ལུང་རྟོན་པ་རྒུན་ལ་ ཤེད་ཅེ་ ཁྲིན་རྒུན་ སལ་ལེ་ ཛེད་ཀ་ནེ་ ཙོབོ་ ཀོན་འཇོག་རྒེ་, འགྱོ་སྤ་ ཆ་ཅེ་ཅེན་རྒུན་ ཤེད་ཅེ་ལ་ ཁོང་ངེ་ ཕོ་ཉ་འབོ་, ཁོ་རང་ངེ་ ཞབ་རྟོག་པ་རྒུན་ལ་ ཀ་ལེ་ ཛེད་།”
ཡི་ཤུ་ རྐྱོད་ཏུག་།
7 ལུ་རྒུའི་ མོལ་, “ལྟོའེ་རྡང་ ང་ནི་ འགྱོ་སྤ་ ཡོང་ངེན་། འི་ སྤེ་ཆེ་ མ་འོང་པེ་ ལུང་རྟན་ ཛེད་ཀན་རྒུན་, ཁ་ཉེན་ཀན་རྒུན་ ཅིན་ལབ་ཅེན་ འིན་།”
8 འི་ ཚང་མ་ ང་ ཡོ་ཧཱ་ནན་ཀ་ནི་ ཚོར་ ཡང་ ཐོང་། ཏོ་རྒུན་ ཚོར་རེ་རྡང་ ཡང་ ཐོང་ངེ་རྡང་, ང་ ཏོ་རྒུན་ ལྟན་ནེ་ ཛེད་ཀ་ནེ་ ཕོ་ཉ་རྦེ་ ཞབ་རྦེ་ འདུན་ལ་ ཆག་པུལ་ཅེ་ལ་ འགྱེལ་རྦེན་། 9 འིན་ན་ ཁོང་ངེ་ ང་ མོལ་, “མན་! ང་ ཏུ་ཟུག་ མ་ཅོ་། ང་ལ་ ཁྱེ་རང་ འདང་ ཁྱེ་རང་ངེ་ སྤུན་ ལུང་རྟོན་པ་རྒུན་ ཙོག་སེ་, ཀོན་འཇོག་རྒེ་ ཞབ་རྟོག་པ་ཞིག་ འིན་, མ་ཚེད་ འི་ སྤེ་ཆེ་ན་ འབྲི་རྡེ་ ཡོ་ཀན་ སྲུང་ཀན་རྒུན་ལ་། ཀོན་འཇོག་ ཅིག་པོ་ལ་ ཅོལ་།”
10 ཏེ་ནི་ ཁོང་ངེ་ ང་ མོལ་, “འི་ སྤེ་ཆེ་ན་ འབྲི་རྡེ་ ཡོ་ཀ་ནེ་ མ་འོང་ ལུང་རྟན་རྒུན་ སང་སྤེར་ན་ མ་པོར་ ཅེ་ཟེར་ནི་ ཡུ་རྒུན་ འདྲན་འདྲ་ ཀྲུཔ་ཅེ་ ཏུའི་རྦོ་ ཉེ་མོ་ འདུག་། 11 ངན་པ་ ཅོ་ཀན་རྒུན་ལ་ ངན་པ་ ཅོ་ཅེ་ནེ་ མ་རྒག་, ལེ་ཧ་ སོག་པོ་ ཅོ་ཀན་རྒུན་ལ་ ལེ་ཧ་ སོག་པོ་ ཅོ་ཅེ་ནེ་ མ་རྒག་, ཀྲང་པོ་ ཅོ་ཀན་རྒུན་ལ་ ཀྲང་པོ་ ཅོ་ཅེ་ནེ་ མ་རྒག་, ཏམ་པ་ འིན་ཀན་རྒུན་ ཏམ་པ་ འགྱུར་ཤེ་ན་ མ་རྒག་།”
12 ཡི་ཤུའི་ མོལ་, “ལྟོའེ་རྡང་, ང་ འགྱོ་སྤ་ ཡོང་ངེན་, ཡང་ མི་ རེ་རེ་ལ་ རང་རང་ངེ་ ལེ་ཧ་ ནང་ཞིན་ལ་ ཏང་ཅེ་ སོལ་རེ་ ངེ་ ལག་ལ་ ཡོད་། 13 ང་ནི་ ཨལ་སྤ་ རྡང་ ཨོ་མེ་འགཱ་, ཏང་པོ་ ཏང་ ཐ་མ་, འགོ་ཟུག་ རྡང་ ལྟིང་འཇུག་ འིན་།”
14 “ཀོའེ་རྒུན་ ཁྲུའི་རྡེ་ ཁོ་རང་ སང་མ་ ཅོ་ཀན་རྒུན་ ཅིན་ལབ་ཅེན་ འིན་། ཁོང་རྒུན་ རྒྱལ་སེ་ན་ རྒྱེ་རྒོ་རྒུན་ རྒྱུད་ཏེ་ ཆ་ཅུག་རྒེ་ ཛེད་ཏེ་ སྲོག་ སལ་ཧ་ནེ་ ལྕང་མེ་ཀ་ནི་ ཁ་ཟོའེ་རྒུན་ ཟོའེན་། 15 ངན་ཆོའེ་ ཅོ་ཀན་, ལུའི་འབྲེལ་ ངན་པ་ ཅོ་ཀན་, མི་སེད་, ཧུ་འདྲ་ ཅོལ་ཧན་, ཐེད་ཏེ་ ཟུན་ ཏང་ཀན་ ཚང་མ་ རྡང་ ཟུན་ལྟང་ ཏང་ཀན་རྒུན་, ཏེ་ ཁྱི་ ཙོག་སེ་རྒུན་ རྒྱལ་སེ་ ཕི་ལོག་ལ་ ལུའི་རྡེན་།”
16 “འི་ ཁྲིན་རྒུན་ ཆོའེ་ཚོག་རྒུན་ལ་ ཤེད་ཅེ་ཕི་ ང་ ཡི་ཤུའི་, ང་རང་ངེ་ ཕོ་ཉ་ ཁྱེ་རང་ངེ་ཀ་ ཀལ་རྦེན་། ང་ རྒྱ་སྤོ་ འདཱ་འབིད་རྡེ་ ཀྲ་རྦར་རེ་ ཕར་རྒྱུད་ ཡིན་, ཡང་ ནམ་ ཟ་ར་ཟི་རེ་ ལང་ངེ་ ཧར་མ་ འདང་ཤེན་ ཟེར་ཧན་འབོ་ འིན་།”
17 ཏམ་པེ་ ཐུག་ཡིད་ ཏང་ མ་ཤི་ཀེ་ པག་མ་རྒུ་ནི་a ཟེར་རྡུག་, “ཤོག་ཧེ་།” འི་ ཁྲིན་ ཚོར་ཧན་རྒུན་ལ་ “ཤོག་” ཟེར་ཧེ་, ཧོམ་ཀན་རྒུན་ ཡོང་ཅུག་ཧེ་, ཡང་ ཐུང་ལ་ ཐེད་ཀན་རྒུན་ལ་ སྲོག་ ཏང་ཀ་ནེ་ ཆུ་ ཆོན་ལ་ ཐུང་ཅུག་ཧེ་།
18 འི་ སྤེ་ཆེ་ན་ འབྲི་རྡེ་ ཡོ་ཀ་ནེ་ མ་འོང་ ལུང་རྟན་ནི་ སྤེ་ར་ ཚོར་ཧན་རྒུན་ལ་ ང་ ཡོ་ཧཱ་ནན་ནེ་ སྤང་པུད་རྡེན་ ཟེར་རེ་ཡོད་། འི་ སྤེ་ཆེ་ན་ འབྲི་ཀན་རྒུ་ནི་ཀ་ ཐེ་རྦ་ སག་ཏེ་ འབྲི་ཀན་རྒུན་ལ་ ཀོན་འཇོག་རྒེ་ འི་ སྤེ་ཆེ་ན་ འབྲི་རྡེ་ ཡོ་ཀ་ནེ་ རྡུ་ངལ་རྒུན་ ས་ལེན་། 19 ཡང་ འི་ སྤེ་ཆེ་ན་ འབྲི་རྡེ་ ཡོ་ཀ་ནེ་ མ་འོང་ ལུང་རྟན་རྒུ་ནི་ ནང་ནི་ ཐེན་འདེ་ མ་འབྲི་ཀ་ནེ་ཀ་ནི་ ཀོན་འཇོག་རྒེ་ འི་ སྤེ་ཆེ་ན་ མོལ་ཧ་ནེ་ སྲོག་ ཏང་ཀ་ནེ་ ལྕང་མེ་ ཧལ་ལ་ རྡང་ ཏམ་པེ་ རྒྱལ་སེ་ན་ འདེད་ཅེ་ ཐོབ་ཏང་འབོ་ ཐེན་ནེ་ ཛེ་རྡེན་།
20 འི་ འབྲི་ཧན་ ཚང་མེ་ སྤང་པོ་ སལ་ལེ་ ཛེད་ཀ་ནེ་ ཡི་ཤུའི་ མོལ་ལེ་ ཛེད་, “འོ་ནེ་ ང་ འགྱོ་སྤ་ ཡོང་ངེན་།”
ངེ་ ལེན་ཏྃ་རྦེན་, “ཨ་མེན་, ཀྱེ་ ཙོབོ་ ཡི་ཤུ་ རྐྱོད་རྡེ་ ཛེད་།”
21 ཙོབོ་ ཡི་ཤུའི་ ཐུག་ཞེ་ ཀོན་འཇོག་རྒེ་ མི་རྒུན་ ཉམ་པོ་ ལུའི་ཤིག་, ཨ་མེན་༎