ཐུག་ཡིད་ ཀྲང་པོ་ རྡང་ ཟུའི་མ་།
4
ཤེ་སྤ་ ཡ་ཏོ་རྒུན་, སུ་ཚང་མེ་ སྤེ་ར་རྒུན་ལ་ རྡེན་ མ་ཆེ་ཧེ་, འིན་ན་ སར་ཤོད་ ཏྃ་རྡེ་ ཏེ་ མི་རྒུ་ནི་ན་ ཡོ་ཀ་ནེ་ སེམ་ཉིད་རྒུན་ ཀོན་འཇོག་རྒེ་ ཆོག་ནི་ ནོག་རྒེ་ ཡང་ མག་ ལྟ་རྒོའེ་, ཅེ་ཟེར་ནི་ ཟུའི་མེ་ ལུང་རྟོན་པ་ མང་པོ་, འི་ འཇིག་རྟེན་ནེ་ན་ འབིང་ ཚར་རྡེ་ ནོག་། 2 ཁྱི་ཞ་རྒུ་ནི་ ཀོན་འཇོག་རྒེ་ ཏམ་པེ་ ཐུག་ཡིད་རྒུན་ འི་ཟུག་རྒེ་ པེ་ཤེ་ཤེ་ ནོག་། ཡི་ཤུ་ མ་ཤི་ཀ་ འི་ འཇིག་རྟེན་ནེ་ན་ མི་ ཚུལ་ལ་ ལྟམ་འདེ་ འིན་ཀན་འབོ་ལ་ སྤང་པོ་ ཏང་ཀ་ནེ་ སེམ་ཡིད་པོ་ ཀོན་འཇོག་རྒེ་ ཆོག་ནི་ ནོག་། 3 འིན་ན་ ཡི་ཤུའི་ ཧོར་ལ་ ཏོ་ཙོག་སེ་ སྤང་པོ་ མ་ཏང་ཀ་ནེ་ སེམ་ཡིད་པོ་ ཀོན་འཇོག་རྒེ་ ཆོག་ནི་ མ་ནོག་, མ་ཤི་ཀེ་ འགྲ་ཝེ་ སེམ་ཡིད་ ནོག་, ཀའོ་ ཡོང་ཅེ་ཅེན་ ནོག་, མ་ཚེད་ ཏག་ས་ལ་ འི་ འཇིག་རྟེན་ནེ་ན་ ཡོད་ཏེ་ འིན་ཀན་འབེ་ ཧོར་ལ་ ཁྱི་ཞ་རྒུ་ནི་ ཚོར་རྡེ་ ནོག་།4 ཤེ་སྤ་ ཕྲུ་རྒུ་རྒུན་, ཁྱི་ཞ་རྒུན་ ཀོན་འཇོག་ནི་ ནོག་, ཡང་ ཏོ་ཙོག་སེ་ མི་རྒུ་ནི་ཀ་ རྒྱལ་ཁ་ ཐོབ་ཏེ་ ནོག་, ཅེ་ཟེར་ནི་ ཁྱི་ཞི་ན་ ཡོ་ཀ་ནེ་ ཐུག་ཡིད་པོ་, འཇིག་རྟེན་པ་རྒུ་ནི་ན་ ཡོ་ཀན་འབེ་སང་ འཇི་སྤ་ཞིག་ ཡོད་ཏེ་ ནོག་། 5 ཁོང་རྒུན་ འཇིག་རྟེན་ནེ་ འིན་ཅེ་ཀ་ནི་, འཇིག་རྟེན་ནེ་ ཐོག་ནི་ ལབ་ཞ་ ཏང་ངེ་ནོག་, ཡང་ འཇིག་རྟེན་པ་རྒུ་ནི་ ཁོང་ངེ་ ཟེར་ཧན་རྒུན་ ཉེན་ནེ་ནོག་། 6 ཨ་ཧོ་རྒུན་ ཀོན་འཇོག་རྒེ་ ནོག་། ཀོན་འཇོག་ ཤེ་ཧན་རྒུ་ནི་ ཨ་ཧོའེ་ ཟེར་ཧན་འབོ་ལ་ ཉེན་ནེ་ནོག་, འིན་ན་ ཀོན་འཇོག་ནི་ མན་ཀན་རྒུ་ནི་ ཨ་ཧོའེ་ ཟེར་ཧན་འབོ་ལ་ ཉེན་ནེ་ མག་། ཏོ་རྒུན་ རྒྱུད་ཏེ་ ཨ་ཧོ་རྒུ་ནི་ ཀྲང་པོ་ ཐུག་ཡིད་ ཏང་ ཟུའི་མ་ སེམ་ཡིད་ ཤེ་རྡེ་ནོག་།
ཀོན་འཇོག་ནི་ ཤེ་སྤ་ ནོག་།
7 ཤེ་སྤ་ སྤུན་རྒུན་, ཨ་ཧོ་རྒུ་ནི་ ཅིག་ ཏང་ ཅིག་ལ་ ཤེ་སྤ་ ཅོའེ་ཧེ་, ཅེ་ཟེར་ནི་ ཤེ་སྤ་རྦོ་ ཀོན་འཇོག་རྒེ་ ཆོག་ནི་ ནོག་། ཤེ་སྤ་ ཅོ་ཀན་ ཚང་མ་ ཀོན་འཇོག་ནི་ རྐྱེ་རྡེ་ ཀོན་འཇོག་ ངོ་ཤེ་རྡེ་ནོག་། 8 འིན་ན་ ཤེ་སྤ་ མ་ཅོ་ཀན་འབེ་, ཀོན་འཇོག་ ངོ་ མ་ཤེ་རྡེ་ ནོག་, ཅེ་ཟེར་ནི་ ཀོན་འཇོག་ ཤེ་སྤ་ ནོག་།
9 ཀོན་འཇོག་རྒེ་ ཨ་ཧོ་རྒུན་ལ་ འི་ཟམ་ ཤེ་སྤ་ ཛེད་, ཁོང་ངེ་ སྲེ་ རྒྱུད་ཏེ་ ཨ་ཧོ་རྒུན་ལ་ ཐ་མེད་པེ་ མི་ཙེ་ ཐོབ་ཅེ་ཕི་ ཁོ་རང་ངེ་ སྲེ་ ཅིག་ཅིག་པོ་ལ་, འི་ འཇིག་རྟེན་ནེ་ན་ ཀ་ལེ་ ཛེད་། 10 ཤེ་སྤ་རྦོ་, ཨ་ཧོའེ་ ཀོན་འཇོག་ལ་ ཤེ་སྤ་ ཅོ་ཀན་འབོ་ མག་, ཁོང་ངེ་ ཨ་ཧོ་རྒུན་ལ་ ཤེ་སྤ་ ཛེད་ཏེ་, ཨ་ཧོའེ་ རྡིག་པེ་ཕི་ ཁོ་རང་ངེ་ སྲེ་ ཆོད་པེ་ ཚུལ་ལ་ ཀ་ལེ་ ཛེད་ཀན་འབོ་ ནོག་།
11 ཤེ་སྤ་ ཡ་ཏོ་རྒུན་, ཀོན་འཇོག་རྒེ་ ཨ་ཧོ་རྒུན་ལ་ ཏེ་ཟམ་ ཤེ་སྤ་ ཛེད་ཅེ་ཀ་ནི་, ཨ་ཧོ་རྒུ་ནི་ལ་ ཅིག་ ཏང་ ཅིག་ལ་ ཤེ་སྤ་ ཅོ་རྒོ་ཤེ་ ནོག་། 12 ཀོན་འཇོག་ལ་ སུ་ཞི་ལ་ མ་ནི་ མ་འཇལ་ཀག་། འིན་ན་ ཀལ་ཏེ་ ཨ་ཧོ་རྒུ་ནི་ ཅིག་ ཏང་ ཅིག་ལ་ ཤེ་སྤ་ ཅོ་ནི་, ཏེ་ནི་ ཀོན་འཇོག་ ཨ་ཧོའེ་ན་ ཞུ་རྡེ་ནོག་, ཡང་ ཨ་ཧོ་རྒུ་ནི་ མི་ཙེ་ན་ ཀོན་འཇོག་རྒེ་ ཤེ་སྤ་འབོ་ འདྲན་འདྲ་ ཀྲུཔ་ཏེ་ ནོག་།
13 ཁོང་ ཨ་ཧོའེ་ན་ ཡང་ ཨ་ཧོ་རྒུན་ ཁོང་ངེ་ན་ ཞུ་རྡེ་ ཡོ་ཀན་འབོ་ ཨ་ཧོ་རྒུན་ལ་ ཧ་ཀོ་ནོག་, ཅེ་ཞུ་ནི་ ཁོང་ངེ་ ཁོ་རང་ངེ་ ཐུག་ཡིད་, ཨ་ཧོ་རྒུན་ལ་ སལ་ལེ་ ཛེད་། 14 ཡབ་རྦེ་ རང་ངེ་ སྲེ་རྦོ་, འཇིག་རྟེན་པ་རྒུ་ནི་ རྐྱབ་འགོན་ ཛེད་ཏེ་ ཀ་ལེ་ ཛེད་ཀན་འབོ་ ང་ཞ་རྒུ་ནི་ ཐོང་འདེ་ སྤང་པོ་ལ་ ཏང་ངེ་ཡོད་། 15 ཡི་ཤུ་ ཀོན་འཇོག་རྒེ་ སྲེ་ ནོག་ ཟེར་རྡེ་ སྤང་པོ་ ཏང་ཀན་ ཚང་མེ་ན་ ཀོན་འཇོག་ ཞུ་རྡེ་ནོག་, ཡང་ ཀོན་འཇོག་རྒེ་ན་ ཁོང་རྒུན་ ལུའི་རྡེ་ནོག་། 16 ཨ་ཧོ་རྒུན་ལ་ ཀོན་འཇོག་རྒེ་ ཤེ་སྤ་ ཛེད་ཀན་, ཨ་ཧོ་རྒུན་ལ་ རྒྱུའི་ནོག་ ཡང་ ཏོ་རྦེ་ཀ་ རྡེན་ཆེ་ཤེ་ ཅོ་ནོག་།
ཀོན་འཇོག་ནི་ ཤེ་སྤ་ ནོག་, ཡང་ ཤེ་སྤེ་ན་ ལུའི་ཧན་རྒུན་ ཀོན་འཇོག་རྒེ་ན་ ལུའི་ནོག་, ཡང་ ཀོན་འཇོག་ ཏོ་རྒུ་ནི་ན་ ཞུ་རྡེ་ ཛེད་རྡེ་ནོག་། 17 ཀོན་འཇོག་རྒེ་ན་ ལུའི་རྡེ་ ཡོད་ཟ་ནི་, ཤེ་སྤ་ ཨ་ཧོའེ་ན་ ལྡན་ནེན་ སོང་འདེ་ ཐར་ཁྱེལ་པ་ འགྱུ་རེན་། ཏོ་རྦེ་ཕི་ ཨ་ཧོ་རྒུན་ ཐ་མེ་ ཏུའི་ ཁྲིམ་ཅེད་ལ་ མ་འཇིའི་ལ་, སེམ་ཤུག་ ཉམ་པོ་ ཁོང་ངེ་ འདུན་ལ་ ལྃ་ཉེན་ནེན་, ཅེ་ཟེར་ནི་ འི་ འཇིག་རྟེན་ནེ་ན་ ཨ་ཧོའེ་ མི་ཙེ་ ཡི་ཤུའི་ ཙོག་སེ་ པུད་རྡེན་ ནོག་།
18 ཀོན་འཇོག་རྒེ་ ཤེ་སྤེ་ན་ འཇིའི་རྒོའེ་ མེ་ཀག་, འིན་ན་ ཕུན་སུམ་ཚོག་སྤེ་ ཤེ་སྤ་ ཡོད་ནི་, ཏེ་རྒ་རྦེ་ ཨ་ཧོ་རྒུ་ནི་ འཇིའི་ཤེ་རྒུན་ མེ་ཀན་ ཅོ་ནོག་། ཀལ་ཏེ་ ཨ་ཧོ་རྒུན་ འཇིའི་རྡེ་ཡོད་ནི་, ཨ་ཧོ་རྒུན་ ཆེད་པ་ འཇིའི་རྡེ་ ནོག་། འཇིའི་ཧན་རྒུ་ནི་ ཁོ་རང་རྒུ་ནི་ན་ ཤེ་སྤ་ ཕུན་སུམ་ཚོག་པ་ ལྡན་ མ་ཅུག་རྒེ་ ནོག་། 19 ཨ་ཧོ་རྒུ་ནི་ ཤེ་སྤ་ ཅོ་ནོག་ ཅེ་ཟེར་ནི་ འགོ་མ་ ཀོན་འཇོག་རྒེ་ ཨ་ཧོ་ལ་ ཤེ་སྤ་ ཛེད་།
20 ཏ་ ཀལ་ཏེ་ སུ་ཞིག་རྒེ་ ཟེར་ནི་, “ངེ་ ཀོན་འཇོག་ལ་ ཤེ་སྤ་ ཅོའེན་” འིན་ན་ རང་ངེ་ སྤུན་ཞིག་ལ་ སོག་པོ་ ཅོ་ནི་, ཁོའེ་ ཟུན་ ཏྃ་རྡེ་ ནོག་, ཅེ་ཟེར་ནི་ མིག་ནི་ ཐོང་ཀ་ནེ་ ཏེ་ སྤུན་འབོ་ལ་ ཤེ་སྤ་ མ་ཅོ་ནི་, ཏེ་ནི་ ཁོའེ་ མ་ནི་ མ་འཇལ་ཧ་ནེ་ ཀོན་འཇོག་ལ་ ཤེ་སྤ་ ཀ་ཟུག་རྒེ་ ཅོའེན་? 21 ཨ་ཧོ་ལ་ ཀོན་འཇོག་རྒེ་ ཆོག་ནི་ འེ་རྒ་ ཀཱ་འབོ་ ཐོབ་ཏེ་ འིན་, “ཀོན་འཇོག་ལ་ ཤེ་སྤ་ ཅོ་ཀན་འབེ་, ཁོ་རང་ངེ་ སྤུན་རྒུན་ལ་ ཤེ་སྤ་ ཅོ་རྒོའེ་།”