4
ངེ་ ཟེར་ཤེ་རྦོ་, ནོར་ཧལ་ ནེན་ཀན་འབོ་ ཕྲུ་རྒུ་ འིན་ཟ་ནི་ ཁོ་ ནོར་ སོན་ཏེ་ རྡག་པོ་ འིན་འདེ་ལ་, ཁོ་ ཚེ་ཡོག་ ཞིག་རྒེ་སང་ སོ་སོ་ མག་། 2 ཡང་ནི་ ཏེ་ ཕྲུ་རྒུ་ལ་ ཏེ་ཏེ་ཚུག་པ་, ཁོ་རང་ འདང་ ཁོའེ་ ནོར་ལ་ ལྟ་ཏོག་ ཅོ་ཀན་རྒུ་ནི་ ཁ་ ཉེན་རྒོའེ་རྡེ་ནོག་ ནམ་ཚུག་པ་, ཁོའེ་ ཨ་རྦེ་ འདམ་ཀ་ནེ་ ཏུའི་རྦོ་ ལེཔ་ མི་ལེབ་། 3 མ་ཤི་ཀ་ རྐྱོད་རྡེ་སང་ ངུལ་ལ་ ཏེ་རྒ་ ཙོག་སེ་ ཨ་ཧོ་རྒུན་ ཉམ་པོ་ ཡོད་པེན་། ཨ་ཧོ་རྒུན་ ཏེ་ ཕྲུ་རྒུ་ ཙོག་སེ་, འི་ འཇིག་རྟེན་ནེ་ ཆོའེ་ ལམ་ ལུག་སྲོལ་རྒུ་ནི་ ཚེ་ཡོག་ འིན་འབེན་།
4 འིན་ན་ འདམ་མེ་ ཛེད་ཀ་ནེ་ ཏུའི་རྦོ་ ལེབ་རྦེ་རྡང་, ཀོན་འཇོག་རྒེ་ ཁོ་རང་ངེ་ སྲེ་རྦོ་ ལམ་ཅུག་རྒེ་ ཛེད་། ཁོང་ པོ་མོ་ཞིག་ནི་ ལྟམ་འདེ་ ཡ་ཧུ་འདཱ་པེ་ ཁྲིམ་མེ་ ཡོག་ལ་ མི་ཙེ་ པུད་རྡེ་ ཛེད་། 5 ཁྲིམ་མེ་ ཡོག་པོ་ འིན་ཀན་རྒུ་ནི་ ར་ཝང་འབོ་ ལོག་ཏེ་ ཉོ་ཅེ་ལ་, ཀོན་འཇོག་རྒེ་ ཁོང་ ལམ་ཅུག་རྒེ་ ཛེད་, ཅེ་ཟེར་ནི་ ཁོང་ ཨ་ཧོ་རྒུན་ ཁོང་ངེ་ སོའེ་རྦུ་ ནེན་ཀ་ནེ་ ཕྲུ་རྒུ་རྒུན་ འགྱུར་ཤེ་ལ་ ཐེད་རྡེ་ ཛེ་རྡེ་ནོག་། 6 ཨ་ཧོ་ ཀོན་འཇོག་རྒེ་ ཕྲུ་རྒུ་རྒུན་ འིན་ཅེ་ཀ་ནི་, ཁོང་ངེ་ ཁོ་རང་ངེ་ སྲེ་ ཐུག་ཡིད་པོ་ ཨ་ཧོ་རྒུ་ནི་ ཉིང་ངེ་ན་ ལམ་ཅུག་རྒེ་ ཛེད་, ཡང་ ཏེ་རྒ་ ཐུག་ཡིད་པེ་ “ཨ་རྦ་, ཡབ་ལེ་” མོལ་ལེན་ འབོ་ ཛེད་། 7 ཏོ་རྦེ་ཕི་ ཁྱི་ཞ་རྒུན་ ཚེ་ཡོག་ལ་ མི་ལུའི་, ཀོན་འཇོག་ ཁོ་རང་ངེ་ ཕྲུ་རྒུ་རྒུན་ ནོག་། ཁྱི་ཞ་རྒུན་ ཁོང་ངེ་ ཕྲུ་རྒུ་ འིན་ཅེ་ཀ་ནི་, ཁྱི་ཞ་ ཁོང་ངེ་ ནོར་ཧལ་ ནེན་ཀན་རྒུ་ནི་ ནོག་།
འགཱ་ལ་ཏི་ཡཱ་པ་རྒུ་ནི་ཕི་ པ་འུ་ལུའི་ ཐུག་ཚེར་།
8 ཀོན་འཇོག་ ཤེ་རྡེ་སང་ ངུལ་ལ་, ཁྱི་ཞ་ ཡ་ཧུ་འདཱ་པ་ མན་ཀན་རྒུན་ ངོའེ་མ་ ཀོན་འཇོག་ མ་ནི་ མན་ཀན་ རིག་རྒེ་ ཚེ་ཡོག་ འིན་འབེན་། 9 འིན་ན་ ཏ་ ཁྱི་ཞ་རྒུ་ནི་ ཀོན་འཇོག་ ཤེ་རྡེ་ནོག་, ཡང་ ངེ་ ཟེར་རྒོའེ་ ཀོན་འཇོག་རྒེ་ ཁྱི་ཞ་རྒུན་ ཁྱེན་ནེ་ ཛེ་རྡེ་ནོག་། ཏེ་ནི་ ཅི་ཕི་ ཁྱི་ཞ་རྒུན་ ཡང་ ཆོའེ་ འུ་ཐུག་ འདང་ ཕན་མི་ཐོག་རྡེ་ ལམ་ ལུག་སྲོལ་རྒུ་ནི་ ཚེ་ཡོག་ འགྱུར་རེ་ལ་, ལོག་ཏེ་ ཆ་ཉིན་རག་། 10 སྤེར་ན་, ཁྱི་ཞ་རྒུ་ནི་ མིག་ས་ལེ་ ཞག་, ལྡ་, ནམ་ཟ་ རྡང་ ལོ་རྒུན་ སི་ཏུག་། 11 ང་ ཁྱི་ཞ་རྒུ་ནི་ཕི་ འཇིའི་རྡེ་རག་, ངེ་ ཁྱི་ཞི་ཕི་ ཙོན་འགྲུའི་ ཅོའེ་རྡེ་ ལེ་ཧ་ ཅོ་ཀན་རྒུན་ ཀོད་ལ་ སོང་འདེ་ འིན་ཏིག་འདུག་། 12 ཤེ་སྤ་ སྤུན་རྒུན་, ང་ ར་ཝང་ངེ་ན་ འདེད་རྡེ་ ཙོག་སེ་, ཁྱི་ཞ་རྒུན་ལ་ འདེད་ཅེ་ལ་ ཞུ་ཝ་ པུ་ལེ་ཡོད་། ཅེ་ཟེར་ནི་ ངུལ་ལ་ ཁྱི་ཞ་ ཡ་ཧུ་འདཱ་པ་ མན་ཀན་ ཁྲིམ་མེ་ཀ་ནི་ ར་ཝང་ ཡོ་ཀན་རྒུན་ ཙོག་སེ་, ང་ འགྱུར་རྡེ་ འིན་།
ཁྱི་ཞ་རྒུ་ནི་ ང་ ངན་པ་ མ་ནི་ མ་ཅོའེ་། 13 ཁྱི་ཞ་རྒུན་ལ་ རྒྱུའི་ནོག་, ང་ ཟུར་མོ་ ཡོང་ཅེ་རྦེ་, ཁྱི་ཞ་རྒུན་ས་ འགོ་མ་རང་ ཡོང་རྒོའེ་ཤེ་ཀ་ནི་, ངེ་ ནེ་ཚུལ་ ཟང་པོ་ ཁྱི་ཞ་ ཤེད་པེན་། 14 ཡང་ ང་ ཟུར་མོ་ ཡོང་ཅེ་རྦེ་ ཅོའེ་རྡེ་ ཁྱི་ཞི་ ངེ་ཀ་ ཁམ་ལོག་ ཉེན་ཅེ་ ཡོད་ནྃ་ ཁྱི་ཞི་ ཁམ་ལོག མ་ཚོར་། ཡང་ ང་ མ་སི་ཀན་ མ་ཅོའེ་། མ་ཚེད་ ཁྱི་ཞི་ ང་ ཀོན་འཇོག་རྒེ་ ཕོ་ཉ་ ཙོག་སེ་ ཡང་ མ་ཤི་ཀ་ ཡི་ཤུ་ ཁོ་རང་ ཙོག་སེ་ འིན་ སམ་འདེ་ ང་ རྒ་སུའི་ ཞུའི་། 15 ཁྱི་ཞི་ན་ ཡོ་ཀ་ནེ་ ཏེ་ ཐེད་པོ་ ཚང་མ་ལ་ ཅི་ སོང་? ཀལ་ཏེ་ ཉེན་འབེ་ནི་, ཁྱི་ཞ་རྒུ་ནི་ རང་ངེ་ མིག་རྒུན་ ཕིང་རྡེ་ ང་ ཏང་ཅེ་ལ་ ཐེད་པོ་ འདུག་པེན་,a ངེ་ ཏོ་ལ་ སྤང་པོ་ ཏང་ཉེན་ཅེ་རག་། 16 འིན་ན་ ཏ་ ངེ་ ཁྱི་ཞ་རྒུན་ལ་ ཀྲང་པོ་ ཤེད་ཅེ་རྦེ་ ང་ ཁྱི་ཞ་རྒུ་ནི་ འགྲ་ཝོ་ རྒྱུར་རྡེ་ འིན་ནེ་?
17 ཏེ་ ཟུའི་མེ་ ལོབ་རྦོན་རྒུ་ནི་, ཁྱི་ཞི་ ཆོག་རྐྱོར་རྒུན་ ཐོབ་ཅེ་ཕི་ མ་མང་པོ་ འདོད་པ་ ཅོ་ནོག་, འིན་ན་ ལྟ་ཝ་ ངན་པ་ ཉམ་པོ་། ཁྱི་ཞ་རྒུ་ནི་ ཁོང་ ཅིག་པོ་ལ་ ཆོག་རྐྱོར་ ཅོ་ཅེ་ཕི་, ཁོང་རྒུ་ནི་ ཁྱི་ཞ་རྒུན་ འདང་ ངེ་ན་ པར་ པེ་རྡེ་, འབྲེལ་རྦོ་ ཞིག་ཅེ་ལ་ འདོད་པ་ ཅོ་ནོག་། 18 ཀལ་ཏེ་ སམ་བ་ རྒྱལ་ལེ་ ཉམ་པོ་ འིན་ནི་, འདོད་པ་ མ་མང་པོ་ ཅོ་ནྃ་ འགྲིག་ཏེ་ ནོག་། འིན་ན་ ཏོ་ ང་ ཁྱི་ཞ་རྒུན་ ཉམ་པོ་ ཡོད་ཟ་ནི་ ཅིག་པོ་ མ་ནོག་, ཏུའི་རྒྱུན་ ཅོ་རྒོ་ཤེ་ ནོག་། 19 འོ་, ངེ་ ཤེ་སྤ་ ཕྲུ་རྒུ་རྒུན་, ཀ་ཟུག་རྒེ་ ཨ་མ་ཞིག་ལ་ ཕྲུ་རྒུ་ རྐྱེ་ཟ་ནི་ ཟུར་མོ་ ཡོང་ངེ་ཡོད་, ཏེ་རྒ་ ཙོག་སེ་ ཟུར་མོ་ ཁྱི་ཞ་རྒུ་ནི་ཕི་ ཡང་ ངེ་ ཉིང་ངེ་ན་ རག་, ནམ་ཚུག་པ་ ཁྱི་ཞི་ན་ མ་ཤི་ཀེ་ ཤོད་ལམ་རྒུན་ སོན་ཏེ་ ལྡན་ མི་ལྡན་། 20 ང་ ཏག་ས་ ཁྱི་ཞ་རྒུན་ ཉམ་པོ་ ཡོད་ཅེ་ མ་མང་པོ་ འདོད་པ་ ཅོའེན་, ཏེ་ནི་ ངེ་ ཁྱི་ཞ་རྒུན་ ཉམ་པོ་ ང་རང་ངེ་ སྤེ་ར་ ཏང་ཚུལ་རྦེ་ན་ འགྱུར་ཞ་ ཁྱོང་ཉེན་འདེ་ ཡོད་ཁྲོ་། འིན་ན་ ཐག་རིང་ལ་ ཡོད་ཅེ་རྦེ་ ང་ ཧ་ཀོ་ མེ་རག་, ངེ་ ཁྱི་ཞ་ ཀ་ཟུག་རྒེ་ ཡ་ཏོ་ ཅོའེན་།
ཨབ་ར་ཧམ་མེ་ ཕྲུ་རྒུ་ ཉི་།
21 ཁྲིམ་མེ་ ཡོག་ལ་ འདེད་ཉིན་ ཡོ་ཀན་ ཁྱི་ཞ་རྒུ་ནི་ ང་ ཤོད་རྡང་། ཅི་ ཁྲིམ་མེ་ན་ ཟེར་རྡེ་ ཡོ་ཀན་འབོ་, ཁྱི་ཞ་རྒུན་ལ་ ནེན་ཏེན་ རྒྱུའི་ཡོད་རྡེ་? 22 ཏམ་པེ་ སུང་རབ་རྦེ་ན་ མོལ་རྡེ་ ནོག་, “ཨབ་ར་ཧམ་ལ་ པུ་ཙ་ ཉི་ ཡོད་པེན་, ཅིག་པོ་ནི་ ཚེ་ཡོག་, ཡང་ ཅིག་པོ་ནི་ ར་ཝང་ཅེན་ནེ་ ན་མེ་ འིན་འབེན་།” 23 ཚེ་ཡོག་ནི་ རྐྱེ་ཀ་ནེ་ པུ་ཙ་འབོ་, མི་ ཙོན་འགྲུའི་ནི་ འིན་འབེན་, འིན་ན་ ར་ཝང་ཅེན་ནེ་ ན་མ་ནི་ རྐྱེ་ཀ་ནེ་ པུ་ཙའོ་, ཀོན་འཇོག་རྒེ་ ཞལ་ཆེཏ་ ཛེད་ཀ་ནེ་ འབྲེ་རྦུ་ འིན་འབེན་།
24 ཀོན་འཇོག་རྒེ་ ཛེད་ཀ་ནེ་ ཆེཏ་ཏོན་ ཉ་ཧ་ འི་ པོ་མོ་ ཉ་ཧ་ ཉམ་པོ་ རྡུར་ཉེན་ཅེ་ ནོག་། པོ་མོ་ ཏང་པོ་, ཧཱ་འགཱར་ནི་ སི་ནཱ་ རི་རྦེ་ སྤེའེ་ཞིག་ ནོག་, ཀ་རུ་ མི་རྒུན་ལ་ ཁོང་རྒུན་ ཚེ་ཡོག་ འགྱུར་ཤུག་ཀ་ནེ་ ཁྲིམ་པོ་ ཐོབ་ཏེ་ འིན་འབེན་། 25 ཏ་ ཧཱ་འགཱར་ ཨ་རབ་ཡུལ་ལེ་ན་ ཡོ་ཀ་ནེ་ རི་ སི་ནཱ་ ཙོག་སེ་ ནོག་, ཀའོ་ འི་ཏུའི་ལ་ ཡེ་རུ་ཤ་ལེམ་མེ་ རྒྱལ་ས་ ཙོག་སེ་ འིན་, ཡང་ ཏེ་ རྒྱལ་སེ་ མི་རྒུན་ ཁྲིམ་མེ་ ཚེ་ཡོག་ལ་ འདེད་ཅེ་ལ་ ཐེད་རྡེ་ནོག་། 26 འིན་ན་ རྡེ་བ་ཅན་ནེ་ ཡེ་རུ་ཤ་ལེམ་འབོ་ ར་ཝང་ཅེན་ནེ་ པོ་མོ་ སཱ་ར་ ཙོག་སེ་ ནོག་, ཁོའེ་ ཕྲུ་རྒུ་རྒུན་ ཚེ་ཡོག་ མག་, ཡང་ ཁོ་ ཨ་ཧོ་རྒུ་ནི་ ཨ་མ་ འིན་། 27 ཏམ་པེ་ སུང་རབ་རྦེ་ན་ འབྲི་ཛེད་ཏེ་ ནོག་,
“འོ་ ཕྲུ་རྒུ་ མེ་ཀ་ནེ་ པོ་མོ་,
ཕྲུ་རྒུ་ མ་ནི་ མ་རྐྱེ་ཀན་ རྐྱིད་པོ་ ཅོའེ་།
ཕྲུ་རྒུ་ རྐྱེ་ཅེ་ ཟུར་མོ་ མ་ཕོག་ཀན་,
ཐེད་པེ་ན་ ཀུ་ཅུ་ ཏོང་།
ཅེ་ཟེར་ནི་ ཏ་ ཏག་ས་ ནང་ཚང་ མེ་ཀ་ནེ་ པོ་མོ་ལ་
མག་པ་ ཡོ་ཀ་ནེ་ པོ་མེ་སང་ མང་ངེ་ ཕྲུ་རྒུ་ མང་པོ་ ཡོད་ཏེ་ ནོག་།”
28 ཤེ་སྤ་ སྤུན་རྒུན་, ཏ་ ཁྱི་ཞ་ ཨི་སཱག་ ཙོག་སེ་ ཀོན་འཇོག་རྒེ་ ཞལ་ཆེཏ་ ཛེད་ཀ་ནེ་ ཕྲུ་རྒུ་རྒུན་ ནོག་། 29 འིན་ན་ མི་ ཙོན་འགྲུའི་ནི་ རྐྱེ་ཀ་ནེ་ ཕྲུ་རྒུའི་, ཐུག་ཡིད་རྡེ་ ཐོག་ནི་ རྐྱེ་ཀ་ནེ་ ཕྲུ་རྒུ་རྦོ་ལ་ ནག་ ལྟན་ཀག་། ཏེ་རྒ་ ཙོག་སེ་ ཏག་ས་ལ་ ཅུང་འདེ་ ནོག་།
30 འིན་ན་ སུང་རབ་རྦེ་ ཏོ་རྦེ་ ཧོར་ལ་ ཅི་ མོལ་རྡེ་ འདུག་, “ཚེ་ཡོག་ ཏང་ ཁོའེ་ པུ་ཙ་ ཉ་ཧ་ ཕོང་, ཅེ་ཟེར་ནི་ ར་ཝང་ཅེན་ནེ་ པོ་མེ་ པུ་ཙེ་ འིན་ཀ་ནེ་ ནོར་ཧལ་རྦོ་ན་ ཚེ་ཡོག་རྒེ་ པོ་མེ་ པུ་ཙ་, ཧ་ལ་ མ་ནི་ མི་ཐོབ་།” 31 ཏོ་རྦེ་ཕི་ ཤེ་སྤ་ སྤུན་རྒུན་, ཨ་ཧོ་རྒུན་ ཚེ་ཡོག་རྒེ་ པོ་མེ་ ཕྲུ་རྒུ་ མ་ནོག་, ར་ཝང་ཅེན་ནེ་ པོ་མེ་ ཕྲུ་རྒུ་ ནོག་།