4
ཏེན༌ན༌བོའེ༌ཕིའ༌ སྤུན༌གུན༌,
ངའེ༌ ཅམས༌པ༌ ཅོ༌ཁན༌ དང༌ ཐུག༌ཅེས༌ལ༌ ངའ༌ རིངས༌ཨིན༌ ཡོད༌,
ཁྱོ༌ཞའ༌ ངའེ༌ སྐྱིད༌པོ༌ དང༌ ཐོར༌ཤོག༌ ཨིན༌།
ངའེ༌ ཅེས༌པའེ༌ ཛ༌འོ༌གུན༌ གཙོ༌བོ༌ ཡེ༌ཤུའི༌ ནང༌ང༌ སྟན༌པོ༌ དུག༌ཤིག༌།
སྤོས༌པའེ༌ སྤེ༌ར༌གུན༌།
4:2-9
2 ངའེ༌ སྤུན༌མོ༌ ཨིའུ༌འོ༌དིའ༌ དང༌ སིན༌ཏི༌ཀེ༌,
ཁྱོ༌ཞའ༌ ཉིས༌ཀོའེ༌ ནང༌ང༌ མི༌གྲིག༌ཅེས༌ ཡོད༌ཁན༌གུན༌ མེད༌ཁན༌ ཅོས༌ཏེ༌ ཇུ༌ཇུ༌ ཐུན༌ཤིག༌,
ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ གཙོ༌བོའེ༌ ཨིན༌ནོག༌།
3 ཡང༌ ངའེ༌ ཨིད༌ཤེས༌ཅན༌ ཕྲོ༌པ༌ ཁྱོ༌རང༌ངི༌,
ཏེ༌ བུ༌མོ༌ ཉིས༌ཀ༌ ཐུན༌ཅུག༌ཅེས༌སི༌ ནང༌ང༌ རོགས༌ ཅོས༌།
ཁོང༌གུན༌ནི༌ ང༌ ཉམ༌པོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌སི༌ ནང༌ང༌ སྲན༌ཏྲེ༌ རྩོན༌གྲུས༌ ཅོས༌,
ཡང༌ ཀེལེ༌མེནཏ༌ དང༌ ངའེ༌ ཞན༌ ཕྲོ༌པ༌ གུན༌ ཉམ༌པོའང༌ ལས༌ ཅོས༌ཏེ༌ ཨིན༌པིན༌,
ཀ༌གུན༌ནི༌ མིང༌ མི༌ཚེའེ༌ སྤེ༌ཆའེ༌ ནང༌ང༌ དཀོན༌མཆོག༌གི༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌།
4 གཙོ༌བོ༌ ཡེ༌ཤུའི༌ ནང༌ང༌ ཏུས༌གྱུན༌ ཐད༌པོ༌ དུག༌ཤིག༌།
ངའེ༌ ཡང༌སྐྱར༌ ཟེར༌རད༌ ཐད༌པོ༌ དུག༌ཤིག༌།
5 ཁྱོ༌ཞའ༌ པས༌མོ༌ ཨིན༌ཁན༌བོ༌ ཁྱོ༌ཞའེ༌ སྕོད༌པ༌ གྱུད༌ཏེ༌ ཚང༌མ༌ལ༌ ཐོང༌ཅུག༌ཤིག༌།
རྗེད༌ མ༌རྗེད༌,
གཙོ༌བོ༌ གྱོགས༌པ༌ ལོགས༌ཏེ༌ ཕེབས༌ས༌ ཛད༌ཨིན༌།
6 ཅི༌ཞིག༌གི༌ ཕིའང༌ ཚེར༌ མ༌ཚེར༌ཤིག༌,
ཨིན༌ནའང༌ ནས༌ལུག༌ ཚང༌མའེ༌ ནང༌ང༌ དཀོན༌མཆོག༌ག༌ མོས༌ལམ༌ ཕུལ༌ཨིན༌ ཁྱོ༌ཞ༌གུན༌ནི༌ སྒོས༌དོམ༌གུན༌ སལ༌ཅེས༌ལ༌ ཞུ༌ཝ༌ ཕུལ༌ ཟ༌ནེ༌ ཐུག༌རྗེ༌ཆེ༌ ཞུ༌ཤིག༌།
7 ཏེ༌ནེ༌ ང༌དང༌གུན༌ལ༌ དཀོན༌མཆོག༌གི༌ ཞི༌དེ༌ ཐོབ༌ཨིན༌,
ཀ༌བོ༌ ང༌དང༌གུན༌ནི༌ ཧ༌གོ༌ནེ༌ ཐལ༌ཏེ༌ ཡོད༌,
ཡང༌ མ༌ཤི༌ཀ༌ ཡེ༌ཤུའི༌ ནང༌ང༌ ཁོང༌ངི༌ ཞི༌དེའེ༌,
ཁྱོ༌ཞའེ༌ སྙིང༌ དང༌ སེམས༌ གུན༌ སྐྱོབས༌ཏེ༌ བོར༌ར༌ ཛད༌ཨིན༌།
8 སྟིང༌ཇུག༌ག༌,
སྤུན༌གུན༌,
དེན༌བ༌ ཨིན༌ཁན༌,
རྩི༌ཝའེ༌ འོས༌པ༌,
ཀྲང༌པོ༌ ཅོ༌ཁན༌,
རྩང༌མ༌,
ཅེས༌པ༌ཅན༌,
སྟོད༌པའེ༌ འོས༌པ༌ཅན༌ ཡ༌ ཏེ༌གུན༌ནི༌ སང༌ མང༌ང༌ ཀྲག༌པོ༌ དང༌ སྟོད༌པའེ༌ འོས༌པ༌ ཐོབ༌ཅེས༌ཅན༌ གུན༌ནི༌ཀ༌ ཁྱོ༌ཞའེ༌ སམ༌བ༌བོ༌ སྟན༌པོ༌ བོར༌ཤིག༌།
9 ཁྱོ༌ཞ༌གུན༌ནི༌ ངའེ༌ ཀ༌ནེ༌ ལོབས༌ཁན༌,
ཡ༌ ཐོབ༌ཁན༌,
ཡ༌ ཚོར༌ཁན༌,
ཡ༌ ངའེ༌ ཅོའ༌ལ༌ ཐོང༌ཁན༌གུན༌ ལག༌ལེན༌ནི༌ ནང༌ང༌ ཁྱོང༌ཤིག༌,
ཏེ༌ནེ༌ ཞི༌དེ༌ དཀོན༌མཆོག༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ཞུགས༌ཨིན༌།
པ༌འུ༌ལུའི༌ ཁོང༌གུན༌ནི༌ སྐྱེས༌པོའ༌ ཐུག༌རྗེ༌ཆེ༌ ཞུས༌།
4:10-20
10 ཏ༌ སྟིང༌ཇུག༌ག༌ ཁྱོ༌ཞ༌གུན༌ནི༌ ངའེ༌ ཕིའ༌ ཡང༌སྐྱར༌ སྣང༌ང༌ ཏངས༌ པ༌སང༌,
ངའེ༌ གཙོ༌བོ༌ མ༌ཤི༌ཀ༌ སྟོད༌པ༌ ཕུལ༌ལད༌།
ཏན༌ཏན༌ལ༌ ཁྱོ༌ཞ༌གུན༌ནི༌ ཏུས༌གྱུན༌ ངའེ༌ ཕིའ༌ ཚེར༌ཁ༌ ཅོའད༌པིན༌,
ཨིན༌ནའང༌ ང༌ རོགས༌ ཅོ༌ཅེས༌སི༌ སྐབས༌ ཁྱོ༌ཞ༌གུན༌ལ༌ མ༌ཐོབ༌བ༌ ཨིན༌ནོག༌།
11 ངའེ༌ ཏེ༌བོ༌ ངའ༌ སྒོས༌དོམ༌ ཡོད༌ པ༌སང༌ ཟེར༌ར༌མེད༌།
ང༌ ནས༌ལུག༌ ཚང༌མའེ༌ ནང༌ང༌ ཚིམས༌ཏེ༌ སྐྱིད༌པོ༌ དུག༌ཅེས༌པོ༌ ཧ༌གོ༌ཏེ༌ ཨིན༌།
12 སྒོས༌དོམ༌མི༌ ནང༌ང༌ ཡ༌ མངས༌ཏེའང༌ ཡོད༌ཅེས༌པོ༌,
ཀ༌ཟུག༌ཤིག༌ ཡོང༌ཅེན༌ ང༌ གྱུས༌ཡོད༌,
ཡང༌ ནས༌ལུག༌ ཚང༌མའེ༌ ནང༌ང༌ སྐྱིད༌པོ༌ ཉམ༌པོ༌ དུག༌ཅེས༌སི༌ ཐབས༌པོ༌ ངའ༌ ཧ༌གོ༌ཏེ༌ ཡོད༌,
ཡང༌ན༌ ང༌ ཟ༌གྱུ༌ མང༌པོ༌ ཡོད༌གྲོ༌ ཡ༌ སྟོག༌རིའ༌,
ངའ༌ མ༌ མང༌པོ༌ ཡོད༌གྲོ༌ ཡ༌ སྒོས༌དོམ༌མི༌ ནང༌ང༌།
13 མ༌ཤི༌ཀའེ༌ ང༌ ཤེད༌ སལ༌ཅེས༌པོའེ༌ ང༌ ནས༌ལུག༌ ཀ༌ཟུག༌ཤིག༌ ཨིན༌ནའང༌ ཁུར༌ ཐུབ༌བད༌།
14 ཏེ༌ནེའང༌ ངའེ༌ རྡུག༌ངལ༌གུན༌ནི༌ ནང༌ང༌ ཐུས༌ཏེ༌ ང༌ རོགས༌ ཅོ༌ཅེས༌པོ༌ ཁྱོ༌ཞའེ༌ ང༌ ཐུག༌རྗེ༌ ཛད༌ཏེ༌ ཨིན༌ནོག༌།
15 ཕི༌ལི༌པི༌ ཆོས༌ཚོགས༌ ཁྱོ༌ཞའ༌ གྱུས༌ཨིན༌ནོག༌,
ངའེ༌ གོ༌མ༌རང༌ ཁྱོ༌ཞའ༌ གའ༌མོའེ༌ ནས༌ཚུལ༌ ཁྱོངས༌ཏེ༌,
མ༌ཀེ༌དོ༌ནི༌ཡཱའེ༌ ཡུལ༌ནེ༌ ང༌ ཆའ༌ ཟ༌ནེ༌,
ཁྱོ༌ཞའ༌ མན༌པ༌ ཡང༌ སུ༌ ཆོས༌ཚོགས༌ཤིག༌གའང༌ ངའེ༌ སྒོས༌དོམ༌མི༌ ནང༌ང༌ རོགས༌ མ༌ཅོས༌།
16 ཡང༌ ང༌ ཐེ༌ས༌ལོ༌ནི༌ཀའེ༌ གྱལ༌སའེ༌ ནང༌ང༌ སྒོས༌དོམ༌ ཡོད༌ ཟ༌ནེའང༌,
ཁྱོ༌ཞ༌གུན༌ནི༌ ང༌ ལན༌ མང༌པོ༌ སྐྱེས༌ ཀལས༌།
17 ངའེ༌ ཏེ༌བོ༌ ཁྱོ༌ཞ༌གུན༌ནི༌ ངའ༌ སྐྱེས༌ ཀལ༌ཏེ༌ ལེབ༌ཅེས༌སི༌ ཕིའ༌ ཟེར༌ཏེ༌ མན༌ ཨིན༌ནའང༌ དཀོན༌མཆོག༌གི༌ ཁྱོ༌ཞའ༌ སལ༌ཅེས༌སི༌ སོལ༌རས༌པོའེ༌ཀ༌ ནན༌ཏེ༌ སལ༌ལ༌ ཛད༌ཅེས༌ལ༌ ཟེར༌རད༌།
18 སྤུན༌ ཨེ༌པ༌ཕོ༌རོ༌གྲི༌ཀྲུས༌ ཉམ༌པོ༌ ཁྱོ༌ཞའེ༌ ངའ༌ ཀལ༌ཁན༌ནི༌ སྐྱེས༌གུན༌ ངའེ༌ སྒོས༌དོམ༌མི༌ སང༌ མང༌ང༌ དུག༌པིན༌,
ཏ༌ ང༌ ཡང༌ ཅའང༌ སྒོས༌དོམ༌ མེད༌།
ཏེ༌གུན༌ ནི༌ ཏྲི༌ཞིམ༌ཅན༌ནི༌ ཆོད༌པ༌,
དཀོན༌མཆོག༌ ཐུགས༌ཐད༌ཁན༌ དང༌ འོས༌པ༌ ཨིན༌ནོག༌།
19 ཡང༌ ངའེ༌ དཀོན༌མཆོག༌གི༌ མ༌ཤི༌ཀ༌ ཡེ༌ཤུ༌ གྱུད༌ཏེ༌ ཁོང༌རང༌ངི༌ ཟིར༌རྗིད༌དི༌ བང༌ཛོད༌ནེ༌ ཁྱོ༌ཞ༌གུན༌ལ༌ སྒོས༌དོམ༌ ཡོད༌ཁན༌ ཚང༌མ༌ སལ༌ལ༌ ཛད༌ཨིན༌།
20 ང༌དང༌ངི༌ དཀོན༌མཆོག༌ དང༌ ཡབ༌བ༌ ཏུས༌གྱུན༌ནེ༌གྱུན༌ སྤལ༌ ཐོབ༌ཤིག༌,
ཨ༌མེན༌།
སྟིང༌ཇུག༌གི༌ ཇུ༌།
4:21-23
21 ཡེ༌ཤུ༌ མ༌ཤི༌ཀའེ༌ ནང༌ང༌ ཏད༌པ༌ ཡོད༌ཁན༌ནི༌ མི༌ ཏམ༌པ༌གུན༌ལ༌ ཇུ༌ ཞུས༌,
ཡང༌ ང༌ ཉམ༌པོ༌ ཡོད༌ཁན༌ནི༌ སྤུན༌གུན༌ནིའང༌ ཁྱོ༌ཞ༌གུན༌ལ༌ ཇུ༌ ཞུ༌རུག༌།
22 འི༌རུ༌ ཡོད༌ཁན༌ནི༌ ཞན༌ཡང༌ མི༌ ཏམ༌པ༌,
མིག༌སལ༌ལི༌ རོམ༌མི༌ གྱལ༌པོའེ༌ ཁར༌རི༌ ནང༌ང༌ ལས༌ ཅོ༌ཁན༌གུན༌ནིའང༌,
ཁྱོ༌ཞ༌གུན༌ལ༌ ཇུ༌ ཞུ༌རུག༌།
23 གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཐུག༌རྗེ༌ ཁྱོ༌ཞ༌གུན༌ནི༌ སེམས༌ ཉམ༌པོ༌ ཞུགས༌ཤིག༌,
ཨ༌མེན༌།