བིང༌ཏེ༌ ཆའ༌ཁན༌།
ཨི༌ཇིབ༌བི༌ ནང༌ང༌ ཨིས༌ར༌ཨེལ༌པ༌གུན༌།
1:1-22
1
འི༌གུན༌ ཨིས༌ར༌ཨེལ༌ ཡང༌ན༌ ཡ༌ཀོབ༌བི༌ བུ༌ཚ༌ ཁོང༌ ཉམ༌པོ༌ ཨི༌ཇིབ༌བ༌ ཆའ༌ཁན༌གུན༌ ཨིན༌ནོག༌,
ཁོང༌ ཚང༌མའེ༌ ནང༌ཚངས༌ གུན༌ནའང༌ ཉམ༌པོ༌ ཡོད༌པིན༌།
2 རུ༌བེན༌,
སི༌མེ༌འོན༌,
ལི༌ཝི༌,
ཡ༌ཧུ༌དཱ༌,
3 ཨིས༌ས༌ཁར༌,
ཟེ༌བུ༌ལོན༌,
བེན༌ཡཱ༌མིན༌,
4 དཱན༌,
ནཕ༌ཐལ༌ལི༌,
གཱད༌ དང༌ ཨ༌ཤེར༌ གུན༌ ཨིན༌པིན༌།
5 ཡ༌ཀོབ༌ གྱུད༌ཏེ༌ ཁོའེ༌ མིར༌གྱུད༌ ཚང༌མ༌ རྡུན༌ཅུ༌ ཡོད༌པིན༌,
ཡོ༌སེབ༌ ཨི༌ཇིབ༌ ནང༌ང༌ སྔུན༌ལ༌ ཡོད༌ཏེ༌ ཨིན༌ནོག༌།
6 ཏ༌ ཡོ༌སེབ༌,
ཁོའེ༌ ཨ༌ཅོ༌ནོ༌ དང༌ ཁོང༌གུན༌ནི༌ མི༌རབས༌ ཚང༌མ༌ ཤི༌།
7 ཨིན༌ནའང༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཕྲུ༌གུ༌ ཇོར༌ ཡང༌ ཁོང༌གུན༌ མ༌མང༌པོ༌ ཕེལ༌ཏེ༌ ཨི༌ཇིབ༌ གང༌པོའེ༌ ནང༌ང༌ གང༌ ཡང༌ མ༌ ཤེད༌ཅན༌ གྱུར༌།
8 ཏེ༌ནེ༌ ཡོ༌སེབ༌བི༌ སྐོར༌ལ༌ ཅའང༌ གྱུས༌ མེད༌ཁན༌ གྱལ༌པོ༌ སོ༌མ༌ཞིག༌ ཨི༌ཇིབ༌བི༌ ཝང༌སྲུལ༌པ༌ གྱུར༌།
9 ཁོའེ༌ ཁོང༌རང༌ངི༌ མི༌གུན༌ལ༌ ཟེརས༌,
“འི༌ ཨིས༌ར༌ཨེལ༌པ༌གུན༌ ང༌དང༌གུན༌ནི༌ སང༌ མང༌ང༌ དང༌ ཤེད༌ཅན༌ གྱུར༌ཏེ༌ དུག༌།
10 ཡོང༌ཤིག༌,
ང༌དང༌གུན༌ནི༌ ཁོང༌གུན༌ མང༌པོ༌ མི༌ཕེལ༌ཅེས༌སི༌ ཐབས༌ ཙལ༌གོས༌,
ཏེ༌མན༌ནེ༌ མག༌གི༌ ཏུས༌ལ༌ ཁོང༌གུན༌ གྲ༌འོ༌གུན༌ ཉམ༌པོ༌ ཛོམས༌ཏེ༌ ང༌དང༌ངི༌ གྱབ༌གལ༌ལ༌ མག༌ ཏངས༌ཏེ༌ འི༌ ཡུལ༌ནེ༌ བིང༌ཏེ༌ ཆའ༌ནོག༌།”
11 ཏེ༌བོའེ༌ཕིའ༌ ཁོང༌གུན༌ནི༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཝང༌ ཉམ༌པོ༌ ལས༌ ནགས༌ཅན༌ ཅོ༌ཅུག༌ཅེས༌ལ༌ སྤོན༌བོ༌གུན༌ སྐོས༌,
ཀ༌གུན༌ནི༌ ཁོང༌གུན༌ལ༌ ཨི༌ཇིབ༌བི༌ གྱལ༌པོའེ༌ ཕིའ༌ གྲུ༌ སག༌སའེ༌ གྱལ༌ས༌ པི༌ཐོམ༌ དང༌ རམ༌སིས༌ གུན༌ རྩིག༌ཅུགས༌།
12 ཨིན༌ནའང༌ ཁོང༌གུན༌ནི༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཙམ༌ཤིག༌ མང༌ང༌ ནགས༌ སྟན༌ནའང༌ ཁོང༌གུན༌ མང༌ང༌ ཕེལ༌ཏེ༌ གྱས༌ཨིན༌ སོང༌།
ཏེ༌བོའེ༌ ཕིའ༌ ཨི༌ཇིབ༌པ༌གུན༌ ཁོང༌གུན༌ལ༌ ཇིགས༌ཏེ༌
13 ཁོང༌གུན༌ལ༌ སྙིང༌རྗེ༌ མེད༌པ༌ ནགས༌ཅན༌ ལས༌ ཅོ༌ཅུགས༌།
14 ཁོང༌གུན༌ནི༌ ཨིས༌ར༌ཨེལ༌པ༌གུན༌ནི༌ མི༌ཚེ༌ མ༌ འུ༌ཐུགས༌ གྱུར༌ཅུགས༌།
ཨི༌ཇིབ༌པ༌གུན༌ནི༌ ཁོང༌གུན༌ལ༌ ཝང༌ ཏངས༌ཏེ༌ པག༌བུ༌,
ཀ༌ལག༌ དང༌ ཞིང༌ངི༌ ལས༌ རིགས༌ ཚང༌མ༌ ཅོ༌ཅུག༌གད༌པིན༌ ཡང༌ ལས༌ ཀགས༌པོ༌ ཅོའ༌ལ༌ ཏང༌ཁན༌ ཚང༌མའེ༌ ནང༌ང༌ ཁོང༌གུན༌ནི༌ སྙིང༌རྗེ༌ སྟན༌ན༌ མེད༌པིན༌།
15 ཏེ༌ནེ༌ ཨི༌ཇིབ༌བི༌ གྱལ༌པོའེ༌ ཕྲུ༌གུ༌ ཇོར༌ ཟ༌ནེ༌ རོགས༌ ཅོ༌ཁན༌ ཤིཕ༌རཧ༌ དང༌ པུ༌འཧ༌ ཨིབ༌རི༌པ༌ བུ༌མོ༌གུན༌ལ༌ བཀའ༌ ཏངས༌ཏེ༌ ཟེརས༌,
16 “ཁྱོ༌ཞའེ༌ ཨིབ༌རི༌པ༌ བུ༌མོ༌གུན༌ལ༌ ཕྲུ༌གུ༌ ཇོར༌ཏུས༌ རོགས༌ ཅོ༌ ཟ༌ནེ༌,
ཀལ༌ཏེས༌ ཕྲུ༌གུ༌ བུ༌ཚ༌ ཨིན༌ན༌ སོད༌ ཨིན༌ནའང༌ བུ༌མོ༌གུན༌ སོན༌ཏེའ༌ བོར༌།”
17 ཨིན༌ནའང༌ ཕྲུ༌གུ༌ ཇོར༌ཏུས༌ རོགས༌ ཅོ༌ཁན༌གུན༌ དཀོན༌མཆོག༌ག༌ ཇིགས༌ཏེ༌ གྱལ༌པོའེ༌ ཁའ༌ མ༌ཉནས༌ ཡང༌ ཕྲུ༌གུ༌ བུ༌ཚ༌གུན༌ མ༌ སདས༌།
18 ཏེ༌ནེ༌ གྱལ༌པོའེ༌ ཕྲུ༌གུ༌ ཇོར༌ཏུས༌ རོགས༌ ཅོ༌ཁན༌ནི༌ བུ༌མོ༌གུན༌ བོད༌ཏེ༌ ཁྱོངས༌ ཡང༌ ཏྲིས༌,
“ཁྱོ༌རང༌གུན༌ནི༌ འི༌བོ༌ ཅི༌ ཅོས༌ཏེ༌ ཨིན༌?
ཕྲུ༌གུ༌ བུ༌ཚ༌གུན༌ ཅིའ༌ མ༌སད༌པིན༌?”
19 ཁོང༌གུན༌ནི༌ གྱལ༌པོ༌ ལན༌ཏངས༌,
“ཨིབ༌རི༌པ༌ བུ༌མོ༌གུན༌ ཨི༌ཇིབ༌པ༌ བུ༌མོ༌གུན༌ ཙོགས༌ མེད༌ཏེ༌ ཨིན༌ནོག༌།
ཁོང༌གུན༌ལ༌ ཕྲུ༌གུ༌ ལ༌མོའ༌ ཇོར༌དུག༌,
ང༌ཞའ༌ ལེབ༌བི༌སང༌ སྔུན༌ལ༌ ཁོང༌གུན༌ལ༌ ཕྲུ༌གུ༌ ཇོར༌དུག༌།”
20 དཀོན༌མཆོག༌གི༌ ཏེ༌ བུ༌མོ༌གུན༌ལ༌ ཐུག༌རྗེ༌ ཛདས༌ ཡང༌ ཨིས༌ར༌ཨེལ༌པ༌གུན༌ མང༌ང༌ ཕེལ༌ཨིན༌ སོང༌ཏེ༌ ཤེད༌ཅན༌ གྱུར༌།
21 ཡང༌ ཕྲུ༌གུ༌ ཇོར༌ཏུས༌ རོགས༌ ཅོ༌ཁན༌ནི༌ བུ༌མོ༌གུན༌ དཀོན༌མཆོག༌ག༌ ཇིགས༌ཁན༌ ཡོད༌ པ༌སང༌ དཀོན༌མཆོག༌གི༌ ཁོང༌གུན༌ལའང༌ ཕྲུ༌གུ༌ སལ༌ལ༌ ཛདས༌།
22 ཏེ༌ནེ༌ གྱལ༌པོའེ༌ ཨི༌ཇིབ༌པ༌གུན༌ལ༌ བཀའ༌ ཏངས༌ཏེ༌ ཟེརས༌,
“ཨིབ༌རི༌པ༌གུན༌ལ༌ སྐྱེ༌ཁན༌ བུ༌ཚ༌ ཚང༌མ༌ ནཱའེལ༌ ལྩངས༌པོའེ༌ ནང༌ང༌ ཕང༌གོས༌ ཨིན༌ནའང༌ བུ༌མོ༌ ཚང༌མ༌ སོན༌ཏེའ༌ བོར༌།”